《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月17日

དཔྱིད་ཀྱི་མེ་ཏོག་རྣམ་པར་བཞད། དཔལ་འབྱོར་འཕེལ་རྒྱས་རྣམ་པ་བཟང་།

ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཀེང་ལོའུ་ཁྲོམ་གཞུང་གྲོང་ལྷོའི་གྲོང་ཁྱེར་གྱི་ཞིང་ནང་གི་པད་ཁའི་མེ་ཏོག་ལ་ལྟ་བའི་ནམ་དུས་ཡག་ཤོས་ཤར་བ་དང་བསྟུན་ནས། “གྲོང་ལྷོའི་མེ་ཏོག་སླར་ཡང་བཞད”ཅེས་པའི་བརྗོད་དོན་གཙོ་བོའི་མེ་ཏོག་ལྡུམ་རའི་ཚོང་འདུས་འཁྲུག་ཆ་དོད་པོའི་ངང་འགོ་ཚུགས་ཤིང་། བྱེད་སྒོའི་ནང་མེ་ཏོག་ལྡུམ་རའི་སྲེག་ཤ་དང་། མེ་ཏོག་ལྡུམ་རའི་ཕྱི་དྲོའི་གསོལ་ཇ། མེ་ཏོག་ལྡུམ་རའི་ཀོག་ཧྥེ། མེ་ཏོག་ལྡུམ་རའི་རོལ་དབྱངས་འདུ་ཚོགས་སོགས“མེ་ཏོག་ལྡུམ་ར་+”ཀྱི་རོལ་རྩེད་རྣམ་གྲངས་བཏོན་ནས། ཡུལ་ལུང་དེ་གའི་གྲོང་མི་དང་ཡུལ་གཞན་གྱི་ཡུལ་སྐོར་བ་དེ་གར་དཔྱིད་ཀའི་མཛེས་ལྗོངས་ལ་མྱོང་རོལ་དང་རྩེད་འཇོར་རོལ་བར་ཡོང་རྒྱུའི་ཡིད་དབང་བཀུག་པས། “དཔྱིད་དུས་དཔལ་འབྱོར”གྱི་འཛད་སྤྱོད་ལས་གསོན་ཤུགས་གསར་པ་འཕེལ་ཡོད།འདི་ནི་ཅན་ཏེ་གྲོང་ཁྱེར་ཀེང་ལོའུ་ཁྲོམ་གཞུང་གྲོང་ལྷོའི་གྲོང་ཁྱེར་གྱི་ཞིང་ནང་གི་པད་ཁའི་མེ་ཏོག་འགྲམ་དུ་གཉེར་བའི་འཛད་སྤྱོད་ཚོང་འདུས་སུ་མི་སེར་དང་ཡུལ་སྐོར་བ་མང་པོ་འདུས་པའི་རྣམ་པ་ཡིན་པ།