《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月17日

གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དེའི“འགུལ་མེད་རྒྱུ་ནོར་+ཤེས་བྱའི་བདག་དབང”སྡེབ་སྒྲིག་གི་ཁག་ཐེག་དངུལ་བུན་ཐོག་མ་དེ་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྐུལ་འདེད་ཧུར་ཐག་བཏང་བའི་འོག་གཞིས་རྩེ་གྲོང་ཁྱེར་གྱིས“ས་ཁང་བདག་ཁོངས་གཏའ་འཇོག་+ཚོང་རྟགས་ཀྱི་དབང་འཛིན་གཏའ་འཇོག”སྡེབ་སྒྲིག་གི་ཁག་ཐེག་དངུལ་བུན་ཐོག་མ་དེ་བཏང་ནས་ཡུལ་དེའི་ཁེ་ལས་ལ་སྡེབ་སྒྲིག་ཁག་ཐེག་གི་འཁོར་རྒྱུག་དངུལ་བུན་སྒོར་ཁྲི་3000སྤྲད་པ་རེད།

ཁོངས་གཏོགས་ཁུལ་ནང་གི་ཁེ་ལས་ལ་ཡོངས་ཁྱབ་ཏུ་ལྷགས་པའི་ཤེས་བྱའི་བདག་དབང་གཞན་སྒྱུར་དཀའ་བ་དང་སྲོལ་རྒྱུན་གྱི་མ་དངུལ་མཉམ་བསྡུ་བྱེད་སྟངས་ལ་ཚོད་འཛིན་ཕོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དེའི་དངུལ་ཁང་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་གི་རྒྱུ་འཛིན་གཏའ་འཇོག་གི་མ་དངུལ་མཉམ་བསྡུའི་ལས་སྒོ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོད་སྐོར་དང་ཉོ་ཚོང་སོགས་ལྷུ་ཚིགས་ཀྱི་འགག་གནད་ཤར་གཏོང་ཧུར་ཐག་བྱེད་པ། ཁེ་ལས་ཀྱི་མ་དངུལ་མཉམ་བསྡུའི་ཐབས་ལམ་སྔར་བས་རྒྱ་སྐྱེད་པ་བཅས་བྱས་ཐོག་ཁེ་ལས་ཀྱི་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བར་རམ་འདེགས་བྱས་པ་རེད།

འབྲེལ་ཡོད་འགན་འཁུར་བས་བཤད་དོན། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་སྡེ་ཚན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུན་མཐུད་བརྒྱབ་ནས་ལེགས་ལྡན་ཁེ་ལས་ཀྱི་གསལ་ཐོ་བཟོ་བ་དང་། གནད་སྨིན་ཅན་གྱི་མ་དངུལ་མཉམ་བསྡུ་འབྲེལ་མཐུད་བྱེད་པ། ཤེས་བྱའི་བདག་དབང་གི་རྒྱུ་འཛིན་གཏའ་འཇོག་དང“འགུལ་མེད་རྒྱུ་ནོར་+ཤེས་བྱའི་བདག་དབང”སོགས་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ། “ཤེས་བྱའི་བདག་དབང”རྒྱུ་ནོར་ལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་མ་དངུལ་མཉམ་བསྡུའི་དཀའ་གནད་ཧུར་ཐག་བསལ་བ་རེད།