《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月11日

མཛངས་མའི་ཡོན་ཏན་ལེགས་པར་ངོམ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད།

འདི་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འོས་འགན་སྨན་བཅོས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མོ་ནད་ཚན་ཁག་གི་སྨན་པས་སྨན་བཅོས་བྱེད་བཞིན་པ།

འདི་ནི་ཉི་དྲོ་གླིང་སྡེ་ཁུལ་གྱི་བུད་མེད་ལས་དོན་པས་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བུད་མེད་འཐུས་མིས་འདེམས་ཤོག་འཕེན་བཞིན་པ།

འདི་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བུད་མེད་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་གྲོང་གསེབ་བྱ་སྤྱོད”ཀྱི་བྱེད་སྒོ་དང་བུད་མེད་ལས་དོན་གྱི་དོན་གྲོས་ལས་དོན་སྤེལ་བཞིན་པ།

འདི་ནི་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་འཁོར་ཐོག་ཉེན་རྟོག་ཉིང་ལག་རུ་ཁག་གི་སྐལ་བཟང་མེ་ཏོག་བུད་མེད་འཁོར་ཐོག་ཉེན་རྟོག་ཚོགས་ཆུང་གི་བུད་མེད་ཉེན་རྟོག་པས་འཐབ་ས་དང་པོར་ལས་སྒྲུབ་བྱེད་བཞིན་པ།

འདི་ནི་ལྷ་ས་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་བདེ་ཆེན་སྒྲོལ་མས་ལས་འགན་སྒྲུབ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།

འདི་ནི་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས་བུད་མེད་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ཐེངས་116པར་རང་ལྗོངས་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། མདུན་ལམ་བཟང་བས་མི་རྣམས་ཀྱི་སེམས་ཤུགས་རབ་ཏུ་འཕེལ་བཞིན་ཡོད།

བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ། “གནམ་ཕྱེད་ཀ་འདེགས་པའི”ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་དུས་རབས་གསར་པའི་བོད་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཡོད།

ད་ཆ་བོད་ཀྱི་བུད་མེད་རྣམས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནང་ཞུགས་པས་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་བུད་མེད་བྱ་གཞག་དེ་དུས་རབས་གསར་པའི་ཤར་རླུང་དང་བསྟུན་ནས་དེ་བས་འོད་སྟོང་རབ་ཏུ་འཕྲོ་ངེས་རེད།