འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གྲ་ནང་རྫོང་གིས་ཚོང་འགུགས་མ་འདྲེན་གྱི་རྟོག་ཞིབ་ཚོགས་པ་བཙུགས་ནས་ཁྲེང་ཏུའུ་དང་། ཀྲུའུ་ཀྲོའུ། ཤིས་ཨན་བཅས་སུ་བསྐྱོད་དེ་རྟོག་ཞིབ་དང་སྦྲེལ་མཐུད་གནད་སྨིན་གྱིས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་གྲུབ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
རྟོག་ཞིབ་ཚོགས་པས་སྔ་རྗེས་སུ་ཁྲེང་ཏུའུ་དང་། ཀྲུའུ་ཀྲོའུ། ཤིས་ཨན་བཅས་ས་ཁུལ་གསུམ་གྱི་གཙོ་གནད་ཁེ་ལས་8དང་དེ་བཞིན་རྣམ་གྲངས་གནས་ཁུལ་དུ་རྟོག་ཞིབ་ཏུ་བསྐྱོད་པ་དང་། རྟོག་ཞིབ་ཀྱི་ནང་དོན་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། སྐྱེ་དངོས་སྨན་རྫས། སྒྲིག་ཆས་བཟོ་སྐྲུན། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། ས་གནས་ས་ཐོག་ཏུ་ལྟ་སྐོར་དང་། བཞུགས་མོལ་སྤེལ་རེས། གནད་སྨིན་འབྲེལ་མཐུད་སོགས་ཀྱི་བྱེད་ཐབས་བརྒྱུད་རྟོག་ཞིབ་ཚོགས་པ་དང་ཁེ་ལས་དབར་སྤེལ་རེས་གཏིང་ཟབ་བྱས་ཏེ་ཁེ་ལས་2ཀྱི་གཞིས་ཆགས་འདོད་མོས་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ་དང་། ཁེ་ལས་5དང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་དང་འབྲེལ“ས་གྲོལ་རྣམ་གྲངས”1གཏན་འཁེལ་བྱས་པ་རེད།
རྟོག་ཞིབ་བྱེད་རིང་། རྟོག་ཞིབ་ཚོགས་པས་གྲ་ནང་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ནས་ལྗོངས་ཕྱིའི་སྔོན་ཐོན་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། རིག་གནས་དང་ཡུལ་སྐོར་ཐོན་ལས་ཐད་ཤིས་ཨན་གྱི“ཐང་རྒྱལ་རབས་ཀྱི་མཚན་གྲོང”སོགས་རྣམ་གྲངས་ཀྱི་IPགསར་གཏོད་དང་ལས་རྣམ་མཉམ་འདྲེས་བྱེད་སྟངས་གཙོ་གནད་ཐོག་དཔྱད་གཞིར་བཟུང་ནས་བསམ་ཡས་གྲོང་རྡལ་ལྟེ་བར་བྱས་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཉམས་ལེན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། དབྱིངས་ཞུགས་རྣམ་པ་དང་གྲངས་འཛིན་ཅན་གྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྩིས་ཡོད། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཧྭ་ཀྲུའུ་ཨར་ཁང་ཚོགས་པ་དང་ཧྥན་ལན་ཨར་ཁང་སོགས་ཁེ་ལས་ཀྱི་གཉེར་སྐྱོང་འདུ་ཤེས་དང་ཟུང་འབྲེལ་བྱས་ཏེ་སྤུས་ལེགས་ཨར་ཁང་གི་སྤུས་རྟགས་ནང་འདྲེན་དང་དམངས་སྲོལ་གནས་ཚང་འཕེལ་རྒྱས་ཚད་ལྡན་དུ་གཏོང་བའི་ཐབས་ལམ་སྔར་བས་ཁ་གསལ་བཟོས་པ་རེད།