ནོར་བུ་སྲི་ཐར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་བོད་ཀྱི་སྨན་གསར་ལུགས་ཀྱི་ཐང་གའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་རེད། 2012ལོར་ཁོང་གིས་སྣེ་ཁྲིད་དེ་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་བཙུགས། ལོ་མང་རིང་། ཁོང་གིས་མི་རིགས་ལག་ཤེས་བཟོ་རྩལ་སྲུང་སྐྱོང་ཁྱབ་ཁོངས་ལ་མཐོང་ཆེན་གནང་བས་ཁོང་གི་གྲོས་གཞི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་འཁོར་གྱི་གྲོས་གཞི་ཡག་པོར་བདམས་པ་རེད། 2026ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ཁོང་གིས་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་གནང་བ་རེད།ཁོང་རྣམས་ཀྱིས་རྟག་ཏུ་འགན་འཁྲི་ཕྲག་ཏུ་འཁུར་བཞིན་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ནས་མང་ཚོགས་ཀྱི་སེམས་གཏམ་ནན་ཏན་ངང་གསན་གྱི་ཡོད། ཁོང་རྣམས་རྒྱལ་ཡོངས་ས་ཕྱོགས་ཁག་ནས་མི་དམངས་ཀྱི་ཚོམས་ཆེན་དུ་བསྐྱོད་པ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད།འདི་ནི་ཟླ་3ཚེས་8ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནོར་བུ་སྲི་ཐར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཞུགས་བཞིན་པ།
ཚེ་རིང་མཚོ་མོ་ནི་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་ཀྲུའུ་རེན་རེད། ཁོང་གིས་ལོ་མང་བོད་སྨན་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ། “བརྒྱུད་རོགས་ཁྲིད་གསུམ”ལ་མཐོང་ཆེན་གྱིས་ལག་རྩལ་རྐང་འཛིན་པ་བསྐྱངས་ཡོད། 2026ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ཚེ་རིང་མཚོ་མོས་མུ་མཐུད་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་འཕེལ་རྒྱས་ལ་དམིགས་ནས་འབྲེལ་ཡོད་ཀྱི་གྲོས་འགོ་བཏོན་གནང་བ་རེད།ཁོང་རྣམས་ཀྱིས་རྟག་ཏུ་འགན་འཁྲི་ཕྲག་ཏུ་འཁུར་བཞིན་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ནས་མང་ཚོགས་ཀྱི་སེམས་གཏམ་ནན་ཏན་ངང་གསན་གྱི་ཡོད། ཁོང་རྣམས་རྒྱལ་ཡོངས་ས་ཕྱོགས་ཁག་ནས་མི་དམངས་ཀྱི་ཚོམས་ཆེན་དུ་བསྐྱོད་པ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་ཤོས་ཀྱི་མཚོན་ཚུལ་ཞིག་རེད།འདི་ནི་ཟླ་2ཚེས་11ཉིན་བོད་ལྗོངས་ལྷ་སར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་མོས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བརྟག་ཞིབ་གནང་བཞིན་པ།