དཔྱིད་གསར་དུས་ཆེན་རིང་ནང་མི་མཉམ་འཛོམས་དང་ཡུལ་སྐོར་བྱེད་པ་ཕུད་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་རར་བསྐྱོད་དེ་འབྲི་ཏ་ས་འཛིན་འཐུ་བ་དེའང་ཉིང་ཁྲིའི་གྲོང་མིའི་སོས་དལ་གྱི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། བྲག་ཡིབ་ཆུས་ཀྱིས་འབྲི་ཏ་ས་འཛིན་གྱི་ལྡུམ་ར་མང་པོའི་སྒོ་ཕྱེ་ནས་ལོ་གསར་རིང་གྲོང་མིར་སྤྲོ་སྣང་མང་པོ་ཞིག་སྦྱིན་ཡོད།ཉིང་ཁྲི་གྲོང་རྡལ་དུ་གནས་པའི་ལི་ལི་འབྲི་ཏ་ས་འཛིན་ལྡུམ་རའི་འདེབས་ཁྱོན་མུའུ་20ལྷག་ཙམ་ཟིན་ཡོད་ཅིང་། ལོ་ལྟར་གྱི་ཟླ་11པ་ནས་སང་ལོའི་ཟླ་7པའི་བར་ནི་འབྲི་ཏ་ས་འཛིན་སྨིན་པའི་དུས་རེད། ལོ་གསར་རིང་ཉིན་ལྟར་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་40ལྷག་ཙམ་འབྲི་ཏ་ས་འཛིན་འཐུ་བར་ཡོང་བར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།འདི་ནི་གྲོང་མིས་འབྲི་ཏ་ས་འཛིན་འཐུ་བཞིན་པ།