ཉེ་ཆར། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཚོགས་པས་གྲོང་རྡལ་གྱི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་བསྐྱོད་དེ་རིན་མེད་ངང་རིམས་འགོག་སྨན་ཁབ་རྒྱག་པ་དང་བདེ་ཐང་བརྟག་དཔྱད་བྱས་པ་རེད།
སྨན་དོན་པས་རྒན་རྒོན་ལ་ནད་དེབ་ཐོ་འགོད་བྱེད་པ་དང་། རིན་མི་དགོས་པར་རིམས་འགོག་སྨན་ཁབ་རྒྱག་པ། ཁྲག་ཤེད་དང་ཁྲག་མངར་འདུས་ཚད་འཇལ་བ། བཟའ་འཐུང་དང་སྨན་གཏོང་སྟངས་སློབ་པ་བཅས་བྱས་ཏེ་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཁོངས་གཏོགས་ཁུལ་གྱི་ལོ་60ཡན་གྱི་རྒན་རྒོན་མི་ཐེངས་80ལྷག་ཙམ་ལ་ཁྱབ་ཅིང་། རྒན་རྒོན་གྱི་སྨན་བཅོས་འགྲོ་སོང་གྲོན་ཆུང་ཐུབ་པ་མ་ཟད། ནད་ལྟ་བར་སྟབས་མི་བདེ་བའི་གནད་དོན་ཡང་ཐག་གཅོད་ཐུབ་སྟེ་དྲོ་སྐྱིད་ལྡན་པའི་ཞབས་ཞུར་བརྟེན་ནས“རྒས་དུས་སྨན་བཅོས་ཐུབ་པ་དང་སྨན་བཅོས་ཐད་བརྟེན་ས་ཡོད་པ”གང་ལེགས་མཚོན་ཡོད།