འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་ལྷོ་བྱང་ཁུལ་གྱི་གྲོང་མིའི་དུད་ཚང་160ཡི“ཐར་ཐོར་རྣམ་པའི”བོགས་གཏོང་ཁང་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པ་དང་། མེ་ཟོན་བདེ་འཇགས་ཞན་པ། དོ་དམ་ཞབས་ཞུ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། གྲྭ་བཞི་སྡེ་ཁུལ་གྱིས་ཉེན་དོན་ཁང་དང་མཉམ་འབྲེལ་ཐོག“སྐར་མ་རིམ་པའི”ཞིབ་དཔྱད་གཏན་འཁེལ་གྱི་དོ་དམ་ལམ་སྲོལ་ལག་བསྟར་བྱས་ནས་ལོ་གཅིག་ལྷག་ཙམ་རིང་ལག་ལེན་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། དོ་དམ་གྱི་དཀའ་གནད་ནུས་ལྡན་ངང་བསལ་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར་བོགས་གཏོང་ཁང་པ་160ཚང་མར་ཞིབ་དཔྱད་གཏན་འཁེལ་གྱི་སྒོ་བྱང་བཀལ་ཟིན་པའི་ནང་སྐར་མ་རིམ་པ་གསུམ་པའི་དུད་ཚང་13དང་། སྐར་མ་རིམ་པ་གཉིས་པའི་དུད་ཚང་141 སྐར་མ་རིམ་པ་དང་པོའི་དུད་ཚང་146བཅས་ཡོད་པ་རེད།
ད་ཆ་གྲྭ་བཞི་སྡེ་ཁུལ་གྱི“ཐར་ཐོར་རྣམ་པའི”བོགས་གཏོང་ཁང་པར་མེ་ཟོན་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད་100%ཟིན་པ་དང་། ཕྱོགས་མིས་ལག་ཁྱེར་གཉེར་ཚད་ཆེས་ཆེར་འཕར་བ། བདེ་འཇགས་དོན་རྐྱེན་ཆུང་གྲས་ཐོན་ཚད་མངོན་གསལ་དོད་པོས་ཆག་པ། སྡེ་ཁུལ་གྱི་བདེ་འཇགས་ཁོར་ཡུག་ལེགས་སུ་དང་མེ་ཟོན་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ། བོགས་གཏོང་ཁང་པའི་དོ་དམ་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་མིའི་བདེ་འཇགས་ཚོར་སྣང་དང་སྐྱིད་སྣང་མུ་མཐུད་ཆེ་རུ་ཕྱིན་ཡོད།