《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月22日

“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་2305ལྷག་ཙམ་བསྡུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་19ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་ཁྲལ་འབབ་སྒོར་དུང་ཕྱུར་2305ལྷག་ཙམ་བསྡུས་ནས་ནོར་ཤུགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། རིམ་རྩིས་བརྒྱབ་ན་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་སྒོར་དུང་ཕྱུར་269ལྷག་ཙམ་གསར་འཕར་བྱུང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”མུ་མཐུད་གཏིང་ཟབ་སྤེལ་ནས། ལྗོངས་ཡོངས་ཀྱི་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ལ་བརྒྱུད་རིམ་དེ་བས་སྟབས་བདེ་དང་།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) དུས་ཡུན་དེ་བས་ཐུང་བ། ཉམས་ལེན་དེ་བས་ལེགས་པ་བཅས་ཀྱི་ཞབས་ཞུའི་ལས་རྣམ་གསར་པ་ཞིག་བཏོད་ཡོད་པ་རེད།

ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་གྱི་ཉིན་རེ་ལས་མ་འདས་པར་ཆེ་རུ་འགྲོ་བའི་སྣ་མང་ཅན་དང་རང་སོའི་ཁྱད་ཆོས་ལྡན་པའི་ཁྲལ་སྒྲུབ་གྲོན་འཇལ་གྱི་དགོས་མཁོ་ཧུར་ཐག་སྐོང་ཆེད། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ཞབས་ཞུའི་ཐབས་ལམ་དེ“ལས་ཡུལ་དངོས་ནས་གཉེར་བ”ནས“དྲ་ཐོག་ཏུ་གཉེར་བའི”བར་རྒྱ་སྐྱེད་བཏང་བས། ལས་སྒོ་ཐག་གཅོད་བྱ་རྒྱུ་དེ་མི་ཐབས་གཙོ་བོར་བྱེད་པ་ནས་རིག་ནུས་ཀྱིས་གཙོ་ཁྲིད་བྱེད་པའི་བར་མཆོང་སྐྱོད་བྱུང་བ་དང་། ཞབས་ཞུའི་ཐོན་ཁུངས་དེ་ཐ་ཐོར་མཁོ་སྤྲོད་ནས་ལེགས་བསྡུས་ནུས་ཆེའི་བསྡུ་སྒྲིལ་བར་བསྒྱུར་ཐུབ་པ། ཁྲལ་སྒྲུབ་ཁྲལ་འཇལ་ཞབས་ཞུ་གནད་སྨིན་ཞིབ་ཚགས་ཅན་གྱི་གཉེར་སྐྱོང་དང་། རིག་ནུས་ཅན་གྱི་དང་ལེན། རང་སོའི་ཁྱད་ཆོས་ལྡན་པའི་མངགས་བཟོ་བཅས་ཀྱི་བར་བསྒྱུར་ཡོད། མིག་སྔར་རང་ལྗོངས་སུ་གསར་གཉེར་ཁེ་ལས་ཀྱི་ཁྲལ་འབྲེལ་བྱ་བ་ཚང་མར“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་བ་དང་། ལས་སྒོ་ཁག་དྲུག་ཐེངས་གཅིག་ལ་གཉེར་ཟིན་པ། འཛིན་ཤོག་ཐོག་མར་རེ་ཞུ་བྱེད་པར་དེ་སྔའི་ཉིན་ལྔ་ནས་ཉིན་གཅིག་དང་ཉིན་ཕྱེད་བར་ཐུང་དུ་ཕྱིན་ཡོད། སྤྱི་ཚོགས་འགན་བཅོལ་དངུལ་ཡང་དངུལ་ཁང་གི་APPདང་དངུལ་སྤྲོད་འབོ་སོགས་ལས་སྟེགས་ནས་འཇལ་ཐུབ་པ་དང་སྤྱི་ཚོགས་འགན་བཅོལ་དངུལ་དྲ་ཐོག་ནས་སྐྱེལ་ཚད་99.78%ཟིན་ཡོད་པ་རེད།

དེ་དང་ཆབས་ཅིག ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དང་ལེན་ཧུར་ཐག་དང་ས་ཆ་དེ་རང་དུ་ཐག་གཅོད་བྱ་ཆེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས“ཧྥེང་ཆའོ་རྣམ་པའི”ཁྲལ་དོན་རྩོད་གཞི་འདུམ་འགྲིག་བྱེད་སྟངས་གསར་དུ་བཙུགས་ཏེ་ཁྲལ་སྒྲུབ་ཞབས་ཞུ་ཐིང(ཡན་ལག་ཅུས)86གིས་འགལ་བ་རང་སར་ཐག་གཅོད་བྱས་ཡོད་པ་རེད།

གཞན་ཡང་། ཐག་རིང་གྲོང་གསེབ་མང་ཚོགས་ཀྱི“ཁྲལ་སྒྲུབ་ས་ཐག་རིང་བ་དང་དུས་ཡུན་རིང་པོ་འགོར་བའི”གནད་དོན་ལ་དམིགས་ནས། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས“ཁྲལ་དོན་དང་སྦྲག་སྲིད་མཉམ་འབྲེལ”གྱི་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ལྗོངས་ཡོངས་སུ་ཁྱབ་པའི“གྲོང་གསེབ་དར་རྒྱས་ཀྱི་ཁྲལ་འབབ་ཞབས་ཞུའི་eས་ཚིགས”གཞི་རྟེན་གཙོ་བོར་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་མཐའ་མཚམས་ཀྱི་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ལ་ལས་སྒོ་ཁྲི་7.44སྒྲུབ་རོགས་བྱས་ཏེ། ཐག་རིང་གྲོང་གསེབ་ཀྱི་ཁྲལ་འཇལ་མཁན་དང་འགྲོ་གྲོན་འཇལ་མཁན་ཚོར་དུས་ཐོག་ཏུ་སྲིད་ཇུས་དང་རྩལ་ནུས་ཐད་ཀྱི་རྒྱབ་སྐྱོར་ཐོབ་པར་བྱས་ཡོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)