ཉེ་ཆར། རང་ལྗོངས་ཀྱི་ས་གནས་ཁག་གི་གནས་སྐབས་དམངས་ཕན་ཚགས་ཤ་དང་ལུག་ཤ་ཚོང་ཁུལ་དུ་ཚོང་ཧ་ཅང་བྲིན་ཁ་རྒྱུག་པོ་ཡོད། འབྲོག་པས་ཚགས་ཤ་དང་ལུག་ཤ་སྤུས་ལེགས་ཐད་ཀར་མཁོ་འདོན་བྱས་པ་དེ་ས་གནས་དེ་གའི་དགུན་ཤ་ཉོ་བའི་གོམས་གཤིས་དང་འཚམ་པས་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་ཇུས་འདོན་དང་། འབྲེལ་ཡོད་ཁ་གསབ་སྤྲོད་པ། གནས་སྐབས་ཚོང་ཁུལ་གཏན་འཁེལ། ཁྲོམ་བཀྱག་དང་རླངས་འཁོར་འཇོག་ས་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་དགུན་དུས་ཚགས་ཤ་དང་ལུག་ཤ་ཐད་འཚོང་གི“མཐའ་མའི་འགག་གནད”ཤར་གཏོང་བྱས་ཡོད།