《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月20日

ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས།

གྲོང་གསེབ་ཤེས་ལྡན་པའི་ཤིང་འབྲས་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་མེ་ཏོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་འབྲས་ཤིང་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་དཔུང་ཁག་གདན་དྲངས་ནས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་པ་དང་། དུས་ཡུན་ཉིན་9ཡི་ཤིང་འབྲས་ཞུ་མཁན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་རིམ་རྩིས་བརྒྱབ་ན་ས་ཡུལ་དངོས་སུ་སློབ་ཁྲིད་དང་གཅིག་སྡུད་གསོ་སྦྱོང་ཐེངས་10ལྷག་ཙམ་བྱས་པ་དེ་མེ་ཏོག་རྫོང་གི་གཞི་རིམ་ཞིང་ལས་ལག་རྩལ་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི། ཚན་རྩལ་ཆེད་བསྐོས་པ། ཤིང་འབྲས་འདེབས་འཛུགས་འཐུས་མི་སོགས་མི་ཐེངས་230ལྷག་ཙམ་ལ་ཁྱབ་ཡོད་པ་རེད། སློབ་མཇུག་འགྲིལ་བའི་མཛད་སྒོར་རིགས་གཅིག་མཁས་ཅན་དཔུང་ཁག་གིས་ཚད་ལོན་པའི་སློབ་མར“ལག་རྩལ་པ”དང་། “ལག་རྩལ་མཁས་ཅན” “གྲོང་གསེབ་ཀྱི་རིགས་གཅིག་མཁས་ཅན”བཅས་ཀྱི་ཐོབ་ཐང་ལག་ཁྱེར་རིགས་གསུམ་སྤྲད་པ་རེད། སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་བརྒྱུད་ཤིང་འབྲས་ཞུ་མཁན་འདེབས་འཛུགས་ཀྱི་ལག་རྩལ་དེ་བས་མང་བ་ཤེས་ནས་ཤིང་འབྲས་ཞུ་མཁན་གྱི་ཐོན་ལས་དང་ཕ་ཡུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།