མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དང་། འབྲས། ཤིང་ཏོག་བཅས་མཁོ་སྤྲོད་ཡག་པོ་བྱེད་ཆེད། སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གིས་སྔོན་ཚུད་ནས་ཚོང་ཟོག་གྲ་སྒྲིག་དང་གནད་སྨིན་སྐྱེལ་འདྲེན་བྱས་པས། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་ཟོག་གོང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱུང་ཡོད། ཆབ་མདོ་གྲོང་ཁྱེར་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ་ལྒང་བཞུ་དང་རྟེན་འབྲེལ་སྦྱར་ཡིག་དང་། འབྲུ་སྣུམ། འབྲས་དང་གྲོ་ཞིབ། ཤིང་ཏོག་དང་སྔོ་ཚལ་སོས་པ། ལོ་གསར་གྱི་མཁོ་ཆས་དང་ལག་རྟགས་སོགས་ཚོང་ཟོག་ལྟ་བས་མི་ངོམ་པ་བསྒྲིགས་ཡོད་པ་དང་། ཉོ་མཁན་རྒྱུན་ཆད་རྒྱུ་མེད།