《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

“ཕྱི་མི”ནས“ནང་མིར”གྱུར་པ།

—— སྒེར་རྩེ་རྫོང་ཁལ་ཆེན་གྲོང་ཚོར་བཅའ་སྡོད་ཀྲུང་གོ་སྒུལ་འཕྲིན་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་གི་རུ་མི་ཁུང་ལིང་ཞའི་སྐོར་བཀོད་པ།

ཁུང་ལིང་ཞ་ནི་སྒེར་རྩེ་རྫོང་མ་མིག་ཤང་ཁལ་ཆེན་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ཞིག་རེད། ཁོང་ཤོངས་ས་ནས་ས་བབ་མཐོ་ཚད་སྨི་4690ཟིན་པའི་ས་མཐོར་ཡོང་མ་ཐག་པའི་ཉིན་གཉིས་རིང་ལ་དུག་ཕོག་ནས་གོམ་པ་རྒྱག་མི་ཐུབ་པར་གྱུར། དེས་མ་ཟད་ཡུལ་མི་ཚོས་ཁོང་ལ་གུས་ཞབས་ཀྱི་ཚུལ་དུ་རྒྱང་ལྟ་བྱེད་པ་ལས་འཁྲིས་སུ་བཅར་མི་ནུས་པ་དེས་ཁོང་རང་ཉིད་ལ་མང་ཚོགས་ཁྲོད་དུ་ཡོང་ནས་གྲོང་ཚོར་སྡོད་པ་ཙམ་གྱི་ཕྱི་མི་ལྟ་བུར་འཛིན་པའི་ཚོར་སྣང་བྱུང་།

མགྲོན་པོ་ལྟར་གྱི་འཚེར་སྣང་མེད་པར་བཟོ་དགོས་ན་སྔོན་ལ་ངལ་རྩོལ་ནུས་ཤུགས་འདོན་དགོས། ཁུང་ལིང་ཞ་ཡིས་དུད་ཁྱིམ་138རེ་རེ་བཞིན་གྱི་སྒོ་བརྡུངས་ཏེ་འབྲོག་སྐད་ཤོད་མ་ཤེས་ཀྱང་ཕུ་ཐུང་བརྫེས་ནས་ཕྱུགས་ཚང་གཙང་ཕྱགས་དང་ར་སྐྱོར་བཟོ་རོགས་བྱེད་པ། གྲོང་ཚོར་དང་བླངས་པ་མི་འདང་བའི་སྐབས་ཨང་དང་པོར་མིང་ཐོ་འགོད་ཀྱི་ཡོད། ཇ་བསྲུབས་མ་འཚེར་སྣང་ཆེན་པོས་ལག་པར་སྤྲོད་པ་ནས་ཕྱིས་སུ་རང་བཞིན་གྱིས་ཁོང་གི་མདུན་དུ་སྐྱེལ་བ་དང་། ཕྲུ་གུ་ཚོས་རྒྱང་རིང་ནས་ཁོང་མཐོང་འཕྲལ“ཨ་ཁུ་ཁུང་ལགས”ཞེས་འབོད་པ། རྒན་རྒོན་ཚོས་ཁོང་གི་ལག་ནས་དམ་པོར་འཇུས་ཏེ་སྙིང་གཏམ་ཤོད་པ་སོགས་བྱེད་སྐབས། ཁུང་ལིང་ཞ་ཡིས་རང་ཉིད་གཞི་ནས“ནང་མི”ལྟ་བུར་གྱུར་པ་ཚོར།

ནང་མི་ཡིན་ན་རང་ཁྱིམ་གྱི་བྱ་བ་ཡག་པོ་སྒྲུབ་དགོས་ངེས་རེད། གྲོང་ཚོ་མཉམ་སྡེབ་ཀྱི་རྩིས་ཁྲའི་སྟེང་རྒྱུན་དུ་དངུལ་མེད་པས། ཁུང་ལིང་ཞ་ཡིས་སྔོན་ལ་བེད་མེད་དུ་བཞག་པའི་རྐོ་འདྲུའི་འཕྲུལ་འཁོར་ཉེ་འགྲམ་གྲོང་ཚོའི་ཆུ་འདྲེན་ལས་གྲྭར་བོགས་མར་བཏང་ནས་གྲོང་ཚོ་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་5.4བསགས་པ་དང་། འབྲི་གཡག་མཉམ་ལས་ཁང་གི་འབྲི་གཡག་མགོ་གྲངས་11འཚོང་རོགས་བྱས་པར་འབྲོག་པ་ཚོ་དགའ་བའི་འཛུམ་མདངས་འཕྱུར། ལོ་ཕྱེད་སོང་རིང་། འབྲོག་པ་དུད་ཚང་105ཡིས་སྒོ་རྩར་ལས་ཀ་བྱས་ནས་སྒོར་ཁྲི་52བསགས་ཡོད། རྣམ་ཀུན་སྐད་ཆ་མང་པོ་མེད་པའི་ཨ་ཇོ་ཞིག་གིས་ཁོང་གི་དཔུང་པར་བཅག་བཅག་བྱེད་བཞིན“ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་ཡོང་བསམ་བསམ་མ་བྱུང”ཞེས་བཤད།

སྐད་བརྡ་མ་འཕྲོད་ན་སེམས་པ་འདྲིས་ཐབས་མེད། ཁོང་གིས་ལས་རོགས་འཁྲིད་དེ་མཉམ་དུ“བོད་རྒྱའི་ལོ་ཙཱ”ཁྱབ་གདལ་གཏོང་བ་དང་མཚན་མོ་སྤྱི་སྐད་སློབ་སྦྱོང་འཛིན་གྲྭ་འཚོགས་ཀྱི་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀརྨ་བསོད་ནམས་ཀྱིས་ཚོགས་འདུའི་ཐོག་བྱང་ཆ་དེ་ཙམ་མེད་པའི་སྤྱི་སྐད་ཀྱིས་གཏམ་བཤད་སྤེལ་སྐབས་ཁུང་ལིང་ཞ་ཡིས་ཁོང་གི་མིག་ཟུང་ནས་འོད་འཚེར་བ་མཐོང་ལ། དེ་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་བཙུགས་པའི་འབྲེལ་ཟམ་ལྟ་བུ་ཡིན་པའང་ཚོར།

(ཚེ་བརྟན་སྒྲོལ་དཀར་གྱིས་སྒྱུར་ཞུས་བྱས)