《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

ཚ་ལུ་མའི་ཐོན་འབབ་མང་། མང་ཚོགས་ཀྱི་ཡོང་སྒོ་འཕར།

འདི་ནི་རྨོག་ཤོད་དང་ཨ་གདོང་གྲོང་ཚོའི་ཡུལ་མིས་ཚ་ལུ་མ་འཐུ་བཞིན་པ།

འདི་ནི་ཤོག་སྒམ་ནང་བླུགས་པའི་འཚོང་བྱའི་ཚ་ལུ་མ་ཡིན་པ།

ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་རྨོག་ཤོད་ཤང་གིས་བཏབ་པའི་ཁམས་པའི་ཚ་ལུ་མའི་ཐོན་འབབ་ཡག་པོ་བྱུང་ནས་ཡུལ་དེ་གའི་ཞིང་འབྲོག་པར་འབབ་འཕར་ཡོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། ཤང་དེས་ཚ་ལུ་མ་སོས་ཉར་གྱི་དུས་ཡུན་ཐུང་བ་དང་། ཐོན་འབབ་མང་བ། བྲིན་ཁ་རྒྱུག་པོ་མེད་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། “སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་ཞུགས་པའི”འཛད་སྤྱོད་ལ་བརྟེན་ནས་ཞིང་སྐྱོར་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། “ཞིང་འབྲོག་པའི་འདེབས་འཛུགས་དུད་ཚང་+རྟེན་གཞི་+གྲོང་ཚོ་རིམ་པའི་མཉམ་ལས་ཁང་+ཤང་སྲིད་གཞུང་+རྫོང་སྤྱི་ཁྱབ་བཟོ་ཚོགས”བཅས་ཀྱི་ཐོན་ཚོང་གི་སྦྲེལ་ཟམ་བསྐྲུན་པ་བརྒྱུད། ཁམས་པའི་ཚ་ལུ་མའི་ཚོང་ལམ་ཡངས་སུ་ཕྱིན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་ཐུབ་ཡོད།