《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

“ལྷ་སའི་བཟོ་བོའི”དཔྱད་འདེམས་སྐབས་གཉིས་པའི་བྱས་འབྲས་ཁྱབ་བསྒྲགས་བྱས་པ།

ཕུལ་བྱུང་རྩལ་ནུས་ཤེས་ལྡན་པ་11ལ་དམིགས་བསལ་གྱི་མཚན་སྙན་འདི་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐབས་གཉིས་པའི“ལྷ་སའི་བཟོ་བོ”གསོ་སྐྱོང་བྱེད་སྒོའི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་ཤིང་། ཨར་སྐྲུན་རྒྱུ་ཆ་དང་། གཏེར་ལས། གློག་ཤུགས། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་རྩལ་ནུས་ཤེས་ལྡན་པ་11ལ་དམིགས་བསལ་གྱི་མཚན་སྙན་འདི་ཐོབ་པ་རེད། ཁོང་རྣམ་པ་ནི་རང་རང་སོ་སོའི་ལས་རིགས་ཁྲོད་ལག་རྩལ་བྱང་ཆུབ་པ་མ་ཟད། ད་དུང“རྒྱུད་རོགས་ཁྲིད”གསུམ་ཐད་ནུས་པ་ཧུར་ཐག་བཏོན་ནས། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ལ་ལས་ཞུགས་ལས་གནས་1000ལྷག་ཙམ་བཏོད་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་2025ལོའི་ཟླ་བ་བརྒྱད་པ་ནས་འགོ་ཚུགས་ཤིང་། རིམ་ཁག་བཟོ་ཚོགས་ཀྱི་འོས་སྦྱོར་དང་། ལས་རིགས་མཐུན་ཚོགས་ཀྱི་སྙན་ཞུ་འབུལ་བ། མི་སྒེར་གྱི་རང་ངོས་འོས་སྦྱོར་སོགས་ཀྱི་བྱ་ཐབས་བརྒྱུད་ཁྱོན་འོས་མི་21གི་སྙན་ཞུའི་དཔྱད་གཞི་འབྱོར་ཡོད། ཐོབ་ཐང་ཞིབ་བཤེར་དང་། ས་ཡུལ་དངོས་ལ་རྟོག་ཞིབ། རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ། སྤྱི་ཚོགས་ཐོག་ཡོངས་བསྒྲགས་སོགས་ཀྱི་ལྷུ་ཚིགས་བརྒྱུད་མཐར། བུ་ཚེ་རིང་སོགས“ལྷ་སའི་བཟོ་བོ”11བདམས་ཡོད་པ་རེད།