《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་འགྱིག་བལ་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་82.26བཏང་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་7.05སླར་གསོ་བྱུང་བ། སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་5.7མང་དུ་ཕྱིན་པ། ཆུ་ཁོངས་རྒྱ་ཁྱོན་སྤྱི་ཆིང་15.95མང་དུ་ཕྱིན་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མངོན་འགྱུར་བྱུང་ནས་ས་མཐོའི་གྲོང་ཁྱེར་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ཐབས་ལམ་གསར་པ་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”མ་ལག་ཅན་གྱི་ཁུལ་ཁོངས་ཧྲིལ་པོའི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་ཁག་གསུམ་པའི་ཆོག་མཆན་ཐོབ་པ་མ་ཟད། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་11རག་པ་དང་། འཆར་གཞི་ལྟར་རྣམ་གྲངས་ཁག་101ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་109.41བཏང་ཡོད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་ཆུས་མཉམ་འགུལ་གྱིས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་ཁུལ་ཁོངས་ཀྱི་རྒྱུག་ཁུལ་དང་། གྲོང་ཁྱེར། སྒྲིག་བཀོད་བཅས་རིམ་པ་གསུམ་སྤྱི་འདོམས་ཀྱིས་མ་ལག་ཅན་གྱི་ཁུལ་ཁོངས་ཧྲིལ་པོའི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་ཆ་ཤས་ཀྱི་ཤྭ་འོད་དང་འཁྱིལ་ཆུའི་གནོད་སྐྱོན་གྱི་ཉེན་ཁ་ཅུང་ཆེ་བ་དང་། བཙོག་ཆུ་གཙང་གསིང་གི་ནུས་ཕྱོད་ཆུང་བ། ཆུ་རྒྱུད་འདམ་རའི་འགྱིག་བལ་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། རིམ་མང་གྲོང་ཁྱེར་གྱི་འགྱིག་བལ་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་གྲོང་ཁྱེར་གྱི་ཆུ་གསོག་པ་དང་། ཆུ་སིམ་པ། ཆུ་གསོ་འཁྱོངས་བཅས་ཀྱི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་ནས། ཆུ་རང་བཞིན་གསོག་འཇོག་དང་། རང་བཞིན་སིམ་པ། རང་བཞིན་གཙང་འགྱུར་བཅས་མངོན་འགྱུར་བྱུང་ནས་སྐྱེ་ཁམས་དང་། བདེ་འཇགས། རྒྱུན་མཐུད་ཆོག་པ་བཅས་ཀྱི་གྲོང་ཁྱེར་གྱི་ཆུ་འཁོར་རྒྱུག་མ་ལག་ཆགས་པར་སྐུལ་འདེད་བཏང་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)