འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་གཏིང་ཟབ་སྤེལ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་གཞི་རྒྱུ་སྔོག་འདོན་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་དང་གྲོང་ཚོ་གྲགས་ཅན་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་འདུན་ཞུ་ཐུབ་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན་རང་སྐྱོང་ལྗོངས་རིམ་པའི་གྲོང་རྡལ་གྲགས་ཅན་6དང་། གྲོང་ཚོ་གྲགས་ཅན་14 ལོ་རྒྱུས་ཀྱི་སྐྲུན་དངོས147བཅས་མང་དུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་མ་ལག་འཆར་འགོད》བཟོས་ནས་བཀྲམ་པ་དང་། 《ལྷ་སའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད(2021ལོ་ནས་2035ལོ་བར)》དང《གཞིས་རྩེའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་འཆར་འགོད(2021ལོ་ནས་2035ལོ་བར)》བཟོ་རྒྱུར་མཛུབ་ཁྲིད་བྱས་པ་རེད། མ་དངུལ་སྒོར་དུང་ཕྱུར་15.25དོན་འཁྱོལ་བྱས་ཏེ་ལྷ་ས་དང་རྒྱལ་རྩེ་སོགས་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོང་རིམ་སྤོར་སྒྱུར་བཀོད་ལག་བསྟར་བྱས་པ་དང་། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་དང་། ས་སྐྱ་རྫོང་ས་སྐྱ་གྲོང་རྡལ། རྩ་མདའ་རྫོང་མཐོ་ལྡིང་གྲོང་རྡལ། སྙི་མོ་རྫོང་ཐོན་མདའ་གྲོང་ཚོ། ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོ་སོགས་ལོ་རྒྱུས་རིག་གནས་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་དང་། མཛོ་སྒང་རྫོང་དང་སྣེ་གདོང་ཆུས་ཀྱི་སྲོལ་རྒྱུན་གྲོང་ཚོའི་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་བཏང་བ་རེད།