《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月16日

བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས།

“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། སྟོབས་ཤུགས་གཤམ་ལ་ཕྱོགས་པ་དང་། བར་མཐོངས་བསྐྱར་དུ་སྐྲུན་པ། བྱེད་ནུས་འདུས་གྲུབ་བཅས་བརྒྱུད། སློབ་གསོ་དང་། ཞབས་ཞུ། དོ་དམ་སོགས་སློབ་མའི་ཉེ་འགྲམ་དུ་བསྐྱལ་ནས། “བསམ་བློར་ཁྲིད་སྟོན་དང་། སློབ་སྦྱོང་ལ་མཛུབ་ཁྲིད། འཚོ་བར་ཞབས་འདེགས། རིག་གནས་སྤེལ་རེས”བཅས་གཞི་གཅིག་ཏུ་བསྡུས་པའི་མི་སྐྱོང་འཐབ་ས་གསར་པ་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་ཆེད་ལས་དགེ་རྒན་དང་། ཟུར་ཁྲིད་པ། འཛིན་བདག ཏང་སྲིད་དོ་དམ་ལས་བྱེད་པ་སོགས་སྟོབས་ཤུགས་ཁག་མང་པོ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་སློབ་མའི་སྡེ་ཁུལ་དུ་བཅའ་སྡོད་བྱས་ནས། ཏང་ཡོན་ལས་དོན་ས་ཚིགས་བསྐྲུན་པ་དང་སློབ་སྦྱོང་གི་རོགས་སྐྱོར་དང་སེམས་ཁམས་ཀྱི་ཟུར་ཁྲིད་སོགས་ཀྱི་ལས་དོན་སྤེལ་ནས། མཉམ་སྒྲུབ་ཀྱི“མི་སྐྱོང་འཁོར་རྒྱ”བསྐྲུན་ཡོད་པ་རེད།

འཚོ་བའི་ཞབས་ཞུའི་ཐད། བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་འཚོ་བའི་ཞབས་ཞུའི་ཐོན་ཁུངས་སྣ་ཚོགས་བརྒྱུད་རིམ་ལྡན་པར“གཅིག་འཐུས་རྣམ་པའི”སློབ་མའི་སྡེ་ཁུལ་དུ་བཅུག་སྟེ། འདུས་གྲུབ་ཅན་གྱི་སློབ་མའི་ལས་དོན་ཞབས་ཞུའི་ལས་སྟེགས་བསྐྲུན་ཞིང་། སློབ་མའི་ལས་དོན་ཁྲུའུ་དང་། སློབ་གྲྭའི་གུང་གཞོན་སྡེ་ཚོགས་ཨུ་ལྷན། སློབ་བསྡུ་ལས་ཞུགས་ཁྲུའུ་སོགས་འགན་ནུས་སྡེ་ཚན་ཁག་ཏུ་ལས་སྒྲུབ་སྐར་ཁུང་བཙུགས་པས། སློབ་མའི་རྒྱུན་གཏན་གྱི་ལས་དོན་ཐག་གཅོད་ནུས་ལྡན་ཐུབ་པ་སྟེ། དཔེར་ན་ཟ་མའི་གཱ་ནང་དངུལ་བླུག་པ་དང་། དྲ་ཆེན་འཁྲིད་པ། དཔེ་དེབ་ཀྱི་གྲོན་དངུལ་འཇལ་བ། སློབ་མའི་ལག་ཁྱེར་གསབ་གཉེར་སོགས་ཀྱི་དགོས་མཁོ“གཅིག་འཐུས་རྣམ་པའི”སྒོ་ནས་སྐོང་ཐུབ་ཀྱི་ཡོད་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)