《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月16日

པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། ལྷ་སའི་སྐྱེ་ཁམས་མ་ལག་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ། དུས་བྱའི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དགུན་དུས་ཀྱི་ལྷ་སར། བརྗིད་ཆགས་ཀྱི་གངས་རི་དང་། ཤང་ཤང་དུ་རྒྱུག་པའི་ལྷ་སའི་སྐྱིད་ཆུ། འཕུར་ལྡིང་བྱེད་པའི་དུས་བྱ་བཅས་ལས། རི་ཆུ་བཟང་ཞིང་བྱ་བྱིའུ་ཡིས་གཤོག་རྩལ་ངོམ་པའི་མི་སེམས་འགུལ་བའི་དཔེ་རིས་ཤིག་གྲུབ་ཡོད། ལྷ་སའི་གཙང་འགྲམ་སྤྱི་གླིང་དང་ལྷོ་སྐོར་ལམ་ཆུ་ཁོངས་ནི་དུས་བྱ་འཚོ་སྡོད་བྱ་ཡུལ་དུ་གྱུར་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོ་དེར་ལྟ་རོལ་བྱེད་པའི་ཡིད་དབང་འཕྲོག་ཅིང་། འདི་ནི་ལྷ་སའི་སྐྱིད་ཆུར་ཅི་དགར་རོལ་བའི་དུས་བྱ་ཡིན་པ།