འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་ཆེན་དང་ཞིབ་འཇུག་ལྷན་ཚོགས་སྐབས་གཉིས་པའི་ཚོགས་མིའི་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་སུན་ཤན་ཀྲུང་ཚོགས་འདུར་ཞུགས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བ་རེད།
ཚོགས་འདུར་མི་དམངས་འཐུས་ཚོགས་སྐབས་དང་པོའི་ལས་དོན་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་ཉན་པ་དང་། ཞིབ་འཇུག་ལྷན་ཚོགས་ཀྱི་སྒྲིག་ཡིག་དང་སྐབས་བརྗེའི་འདེམས་བསྐོ་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་རེད།