《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月11日

“ཡན་ཨན་གྱི་ལོ་བཅུ་གསུམ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས”ཞེས་པའི་ཆེད་དོན་སྐོར་སྐྱོད་འགྲེམས་སྟོན་ལྷ་སར་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་7ཉིན། “ཡན་ཨན་གྱི་ལོ་བཅུ་གསུམ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས”ཞེས་པའི་ཆེད་དོན་སྐོར་སྐྱོད་འགྲེམས་སྟོན་བོད་ལྗོངས་ཡན་ཨན་སྙིང་སྟོབས་འགྲེམས་སྟོན་ཁང་དུ་གཉེར་བ་རེད།

ཆེད་དོན་འགྲེམས་སྟོན་དེ་ལོ་རྒྱུས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ“ལམ་གསར་གཏོད་པ”དང་། “འཚོལ་ཞིབ་རླབས་པོ་ཆེ” “འོད་ཟེར་ལྡན་པའི་མདུན་ལམ”བཅས་ལེའུ་གསུམ་ལ་ཕྱེ་ནས་ཡན་ཨན་དུས་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་འཚོལ་ཞིབ་བྱས་པའི་རྩ་ཆེའི་ལག་ལེན་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།