《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月10日

པར་རིས་གསར་འགྱུར།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས“ལག་རྩལ་རྒྱུན་འཛིན་བྱེད། སྙེ་མོ་དར་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་གཉེར་བ་རེད། འགྲན་བསྡུར་གྱི་རྣམ་གྲངས་12ནང་དུ་སྤོས་བཟོ་དང་། བརྐོས། ཐང་ག་བཞེངས་པ་སོགས་སྲོལ་རྒྱུན་གྱི་ལག་རྩལ་རྣམ་གྲངས་ཡོད་པ་མ་ཟད། ཨར་སྐྲུན་དང་། རྒན་གསོ་ལྟ་སྐྱོང་། གློག་ལས་སོགས་དེང་རབས་ཐོན་ལས་ཀྱི་རྩལ་ནུས་ལས་རིགས་ཀྱང་ཡོད་པ་རེད། འགྲན་བསྡུར་ཁྲོད་དུ་རིགས་པའི་གཞུང་ལུགས་ཀྱི་དཔྱད་ཞིབ་དང་དངོས་སྤྱོད་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད། འགྲན་ཞུགས་བདམས་ཐོན་པ་230ལྷག་ཙམ་གྱི་ཆེད་ལས་བྱང་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

འདི་ནི་འགྲན་ཞུགས་བདམས་ཐོན་པ་རྣམས་འགྲན་རར་འཛུལ་རྩིས་བྱེད་བཞིན་པ།