ཉེ་བའི་ལོ་ཤས་རིང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་ཁྲོམ་རའི་གོ་སྐབས་གཉིས་ཀའི་མཐུན་རྐྱེན་འོག་བོད་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ས་མཐོར་གཞི་ཚུགས་པ་དང་དངོས་ལས་གཏིང་ཟབ་གཉེར་ནས། ཁྱད་ལྡན་ཐོན་ལས་དང་། ཚན་རྩལ་གསར་གཏོད། དམངས་འཚོའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་མང་པོར་ཚད་བརྒལ་ཡོང་བར་བྱས་པས། ཁྲོམ་རའི་གསོན་ཤུགས་འཕེལ་བ་མ་ཟད། ལས་མི་འབོར་ཆེན་བསྡུ་ལེན་བྱས་ཏེ། ས་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་རྒྱུན་མཐུད་བསྣན་ཡོད། སྲང་ལམ་གྱི་ཚོང་ཁང་ནས་རྐང་འཛིན་ཁེ་ལས་བར་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་དང་མཉེན་གཤིས་ཀྱིས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཛེས་རིས་ཟམ་མི་ཆད་པར་འགོད་བཞིན་ཡོད།