《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月07日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས།

རྩོད་གཞི་འདུམ་འགྲིག་ལམ་སྲོལ་གསར་པ་བཙུགས་ནས་དུས་བདེ་འཛུགས་ སྐྲུན་གྱི“མཐའ་མའི་འགག་གནད”ཤར་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ལམ་སྲོལ་གསར་གཏོད་ལ་དམིགས་པ་དང་ནུས་ཆེ་དང་། གནད་འཁེལ། དྲོ་སྐྱིད་ལྡན་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ། རྩོད་གཞི་འདུམ་འགྲིག་དང་། ཁྱད་ལྡན་སྤུས་རྟགས་ཀྱི་བྱ་ཐབས་མཉམ་སྤྱོད་བྱས་པ་བརྒྱུད། འགལ་ཟླ་དང་རྩོད་གཞི་སེལ་བའི་ནུས་པ་ཆེ་རུ་དང་དུས་བདེ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་གྲོང་མིའི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

དོག་སྡེ་ཁྲོམ་གཞུང་གིས་འགལ་བ་དང་རྩོད་གཞི་འདུམ་འགྲིག་གདུབ་ཟུམ་ལམ་སྲོལ་འཛུགས་རྒྱུར་གཞོལ་ནས་ཁྲིམས་འཛིན་དང་། མངཌ་གཏོང་ཁང་། འགྲིམ་འགྲུལ་ཉེན་རྟོག ཡིག་འབུལ་ཞུ་བཅར། 12345སོགས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ“3+4+N”ཡི་ཕྱོགས་མང་འདུམ་འགྲིག་འཁོར་རྒྱུག་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། བྱེད་སྟངས་དེས་འཕྲེད་ཕྱོགས་སུ་འགན་ནུས་སྡེ་ཚན་ཁག་དང་སྦྲེལ་མཐུད་དང་གཞུང་ཕྱོགས་སུ“ལྟེ་གནས་1དང་། གྲོང་ཚོ(སྡེ་ཁུལ)6 ཕྱོགས་བསྡུས་དྲ་མིག་42བཅས”སྦྲེལ་མཐུད་བྱས་ནས་ས་ཁོངས་ཧྲིལ་པོར་ཁྱབ་པའི་འགལ་བ་འདུམ་འགྲིག་ཐག་གཅོད་བྱེད་པའི་དྲ་བ་ཆེན་པོ་ཞིག་བཟོས་པར། གཞི་གཅིག་ཅན་གྱི་འཁོར་རྒྱུག་དང་། གཅིག་འཐུས་རྣམ་པའི་སྒྲུབ་གཉེར། སྡེབ་གཅིག་ཏུ་འདུམ་འགྲིག འཁོར་འབྲེལ་ཧྲིལ་པོར་ཐག་གཅོད་བཅས་མངོན་འགྱུར་བྱུང་ཡོད།

གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་དོག་སྡེ་ཁྲོམ་གཞུང་གིས“སྒྲོལ་མ་འདུམ་འགྲིག་ཁང”ཞེས་པའི་མི་དམངས་འདུམ་འགྲིག་སྤུས་རྟགས་བཏོད་པ་དང་། དེའི་དམིགས་ཡུལ་ནི་དེ་མང་ཚོགས་ཀྱི་ཞུ་སྦྱོར་ཐག་གཅོད་བྱེད་པའི“འདུ་འཛོམས་ཁུལ”དང་འགལ་ཟླ་སེལ་བའི“མཐའ་མའི་ས་ཚིགས”སུ་སྐྲུན་ཆེད་རེད། སྒྲོལ་མ་འདུམ་འགྲིག་ཁང་གིས་ཁྲོམ་གཞུང་དུ་བཅའ་སྡོད་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་ལས་དོན་ས་ཚིགས་ཀྱི་ཆེད་ལས་སྟོབས་ཤུགས་ལ་གང་ལེགས་བརྟེན་ནས“ཞུ་གཏུག་གོང་གི་འདུམ་འགྲིག་དང་ཁྲིམས་འཛིན་ངོས་བཟུང་ཟུང་འབྲེལ”གྱི་བྱེད་སྟངས་སྤྱད་དེ་སྒྲུབ་གཉེར་བྱ་རྒྱུར་ལུས་པའི་རྩོད་གཞི་ཁག་39ལ་ཁྲིམས་འཛིན་ངོས་བཟུང་ལེགས་གྲུབ་བྱུང་ནས། འདུམ་འགྲིག་བྱས་འབྲས་ལ་བཙན་ཤེད་ཀྱི་ལག་བསྟར་བྱེད་ནུས་སྦྱིན་པ་རེད།

ཏན་ཏིག་ནུས་ལྡན་གྱི་ལམ་སྲོལ་རབ་དང་རིམ་པ་བཟོས་པ་བརྒྱུད། དོག་སྡེ་ཁྲོམ་གཞུང་གིས་དུས་བདེ་འཛུགས་སྐྲུན་གྱི་དྲོ་སྐྱིད་དེ་གྲོང་མི་ཚང་མའི་སེམས་ལ་བརྒྱུད་སྤྲོད་བྱས་ནས“མཐའ་མའི་འགག་གནད”ཏང་སེམས་དང་དམངས་སེམས་འབྲེལ་མཐུད་བྱེད་པའི་སེམས་དྲོད་ཟམ་པ་དང་བདེ་སྐྱིད་ལམ་བུར་འགྱུར་བ་རེད།

(ལྷག་ཚེས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)