《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月07日

ཉང་ཆུའི་ཉིང་ཁྲིའི་ལྟེ་བའི་གྲོང་ཁུལ་དུ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭར་སྐུལ་འདེད་བརྟན་པོ་བྱུང་བ།

མིག་སྔར་ལས་གྲྭ་50%ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉང་ཆུའི་ཉིང་ཁྲིའི་ལྟེ་བའི་གྲོང་ཁུལ་དུམ་བུ་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ཉང་ཆུའི་ཉིང་ཁྲིའི་ལྟེ་བའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.27དང་ལས་གྲྭ་50%ལེགས་གྲུབ་ཟིན་ཡོད་པ་རེད།

ཉང་ཆུའི་ཉིང་ཁྲིའི་ལྟེ་བའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་དེ་2025ལོའི་ཟླ་4ཚེས་21ཉིན་དངོས་སུ་འགོ་བཙུགས་ཤིང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་དང་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་མ་ཟད། ཉིང་ཁྲི་གྲོང་ཁུལ་གྱི་ལྟེ་བའི་གྲོང་ཁུལ་དུ་རྒྱུ་བའི་ཉང་ཆུའི་ལྟེ་བའི་ཆུ་ཁོངས་སུ་གནས་ཡོད། རྣམ་གྲངས་དེས་གྲམ་ཐང་འགོག་སྲུང་དང་སྐྱེ་ཁམས་སླར་གསོ་བརྒྱུད། གྲོང་ཁུལ་ལ“བདེ་འཇགས”ཡོང་བ་བྱས་ནས་ཉང་ཆུའི་རྣམ་པ་གསར་པར་འགྱུར་བར་བྱས་པ་མ་ཟད། ད་དུང་ལེ་ལག་ཚང་བའི་སྤྲོ་གསེང་མ་ལག་གིས་ཉང་ཆུའི་རྒྱུད་ཀྱི་གྲོང་མིར་མཉམ་སྤྱོད་ཀྱི“ཆུ་མོའི་མཛེས་ལྗོངས་བར་ཁྱམས་རིང་མོ”ཞིག་གཏོད་རྒྱུ་རེད།

ཉང་ཆུའི་ཉིང་ཁྲིའི་ལྟེ་བའི་གྲོང་ཁུལ་དུམ་བུའི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་ཀྱི་ཅིང་ལི་ཞུས་ཏུང་ཞའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལས་གྲྭ་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། 2026ལོའི་ཟླ་10པར་ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྩིས་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས། ཉང་ཆུའི་གྲོང་ཁུལ་དུམ་བུའི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་མ་ཟད། སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་ཕྱིན་ནས་མ་ལག་ལྡན་པའི་གྲམ་ཐང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བརྒྱུད། ཆུའི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ཆུའི་ཁོར་ཡུག་ལེགས་སུ་འགྲོ་རྒྱུ་རེད།