འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2020ལོ་ཚུན་དུ། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུ་དེ་འཕར་སྣོན་བརྟན་པོ་དང་། ཕྱོགས་སྒྱུར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ལས་ཀའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སྔ་རྗེས་སུ་འཛད་སྤྱོད་རྒྱ་སྐྱེད་དང་། འཛད་སྤྱོད་ལ་སྐུལ་སྤེལ། འཛད་སྤྱོད་འཕེལ་བ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་རིམ་རྩིས་བརྒྱབ་ན་འཛད་སྤྱོད་སྐུལ་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་22ལྷག་ཙམ་བཏང་སྟེ། རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ནང་ཆས། བཟའ་བཏུང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱས་ནས། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས། དམངས་ཕན་འཚོ་བ་ལོངས་སྤྱོད”ཅེས་པའི་བརྗོད་དོན་གཙོ་བོའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཐེངས་310ལྷག་ཙམ་མཉམ་དུ་སྤེལ་བར་གཉེར་སྐྱོང་བྱེད་པོ་4600ལྷག་ཙམ་ཞུགས་ཡོད་པ་དང་། རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་6.5སྤྲད་པར། རླངས་འཁོར་དང་རྡོ་སྣུམ་སོགས་འཛད་སྤྱོད་ཆེ་གྲས་སྒོར་དུང་ཕྱུར་61ལྷག་ཙམ་བྱེད་པར་ཐད་ཀར་སྐུལ་ཁྲིད་ཐུབ་སྟེ“ལྡབ་འགྱུར་ཕན་འབྲས”མངོན་གསལ་དོད་པོ་ཐོན་པ་དང་། མི་ཐེངས་ཁྲི་230ལྷག་ཙམ་གྱིས་སྲིད་གཞུང་གི་ཁ་གསབ་ལོངས་སྤྱོད་ཐུབ་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་3Cགྲངས་འཛིན་སོགས་ཚོང་ཟོག་འཛད་སྤྱོད་མངོན་གསལ་དོད་པོས་འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
(པད་ཆོས་ཀྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)