འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་དཔུང་ཁག་གཏོད་རྒྱུ་དེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། “དྲག་འདེམས་ཧྲག་སྒྲིག་དང་། གནད་སྨིན་གསོ་སྐྱོང་། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ”བཅས་ལ་དམིགས་ཏེ་ཕྱོགས་བསྡུས་བྱང་ཚད་མཐོ་བ་དང་། འགན་འཁུར་གྱི་སྙིང་སྟོབས་ཆེ་བ། གྲོང་ཚོ་བཅོས་སྐྱོང་གི་འཇོན་ཐང་ཆེ་བ། ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་གཞི་རིམ་གྱི་རྐང་འཛིན་སྟོབས་ཤུགས་ཤིག་ནུས་ཤུགས་ཡོད་རྒུས་བཏོད་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
“དྲག་འདེམས་ཧྲག་སྒྲིག”འགོ་འཛུགས་སར་བྱས་ནས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་ཀྱིས་གྲོང་ཚོའི(སྡེ་ཁུལ)བྱེད་ནུས་གཙོ་བོ་འདོན་མཁན་གྱིས་སློབ་རྒྱུས་མཐོར་གཏོང་གི་སློབ་གསོར་ཞུགས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། སྡེ་ཁུལ་18དང་གཙོ་གནད་དང་དཀའ་གནད་གྲོང་ཚོ་9ཡི་ཏང་ཀྲི་པུའི་ཧྲུའུ་ཅི་རིགས་དབྱེ་ཧྲག་སྒྲིག་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་ལེགས་འདེམས་བདམས་གསོ་བྱས་པའི་རྗེས་གྲབས་ལས་བྱེད་པ་1482ཀྱིས་ཏང་དོན་དང་གྲོང་དོན་དོ་དམ་དང་། ཐོན་ལས་ཕྱུག་འགྱུར་དང་ཕྱུག་འགྱུར་སྣེ་ཁྲིད། འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ལས་དོན་ཁྲོད་ལག་ལེན་གྱི་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས་པ་དང་། གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་135ལེགས་སྒྲིག་བྱས་པས་གསར་དུ་བསྐོས་པའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པ་དང་། ཚན་ཁག་གི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
“དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ”དོན་ལ་བབས་སར་བྱས་ནས་ཉིན་རེའི་དོ་དམ་ནན་པོ་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྲིད་གཙང་ཉེན་གཏོང་སློབ་གསོའི་ས་ཚིགས་24ལ་ལྟ་སྐོར་བྱས་པ་རེད། ཕུལ་བྱུང་དཔེ་མཚོན་བདམས་ནས་སྔོན་ཐོན་ལ་གཟེངས་བསྟོད་བྱས་ཏེ་ཉམས་མྱོང་ཁྱབ་གདལ་བཏང་བ་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གྲོང་གསེབ་དར་རྒྱས་ཀྱི“བསྡུར་བ་ལྔ་དང་ལྟ་བ་ལྔའི”འགྲན་སྟེགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས་བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་བཟང་པོ་བཏོད་ཡོད།