《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ལང་ཚོའི་སྟོབས་ཤུགས་ལ་ནམ་ཡང་གསོན་ཤུགས་རྒྱས།

ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་ལྕགས་ལམ་དོན་གཅོད་ཁྲུའུ་ཡི་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་གྱི་རྒྱབ་སྐྱོར་འོག ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་ལྷ་སའི་ས་ཚིགས་ཀྱི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་ལྷ་སའི་འཁོར་དོན་དུམ་བུའི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་མཉམ་དུ“གུང་གཞོན་སྡེ་ཚོགས་ནས་བྲལ་ཡང་སེམས་པ་གུང་གཞོན་སྡེ་ཚོགས་ལ་འཆང་བ་དང་གཞོན་ནུའི་སེམས་པ་ཏང་ལ་ཕྱོགས་པའི”ཚོགས་མི་གསར་པ་གུང་གཞོན་སྡེ་ཚོགས་ནང་ཞུགས་པ་དང་ལོ་ཚད་ལས་བརྒལ་བའི་ཚོགས་མི་གུང་གཞོན་སྡེ་ཚོགས་ནས་དོན་པའི་མཛད་སྒོ་འཚོགས་པ་རེད།

↑འདི་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་ཁུལ་གྱི་ཚོགས་མི་གསར་རྙིང་གིས་མཚོ་བོད་ལྕགས་ལམ་སྙིང་སྟོབས་ཀྱི་འགྲེལ་བཤད་ཉན་བཞིན་པ།

→ འདི་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་ཁུལ་གྱི་ཚོགས་མི་གསར་རྙིང་གིས་གུང་གཞོན་སྡེ་ཚོགས་ནང་ཞུགས་པ་དང་གུང་གཞོན་སྡེ་ཚོགས་ནས་དོན་པའི་མཛད་སྒོར་ཞུགས་བཞིན་པ།