《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

“ཁྲོམ་ར་ལྟ་འདོམས་ཀྱི་གདོང་ལེན་པས་དམངས་ཆེད་ལྟ་འདོམས་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟཌ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གསེར་རྙེད་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ལས་ཁུངས་ཏང་སྤྱི་ཁྱབ་ཀྲི་པུས་རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་དང་གྲོང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ཏེ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྟག་གསར་ཤང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས“ཁྲོམ་ར་ལྟ་འདོམས་ཀྱི་གདོང་ལེན་པས་དམངས་ཆེད་ལྟ་འདོམས་བྱེད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་སྟེ་འབྲོག་པ་མང་ཚོགས་ལ་སྲིད་ཇུས་སྒྲོག་འགྲེལ་དང་། ཞབས་འདེགས་ཞུ་བ། སེམས་ཁུར་བརྒྱུད་སྤྲོད་བཅས་བྱས་པ་རེད།

ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་སྒོའི་རྐང་འཛིན་པ་ཚོས་གོ་བདེ་ཤེས་སླའི་སྐད་ཆ་དང་འབྲོག་ཁུལ་གྱི་འཚོ་བར་ཉེ་བཅར་གྱི་དངོས་དཔེ་དྲངས་ནས། རྙོག་འཛིང་ཆེ་བའི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་དང་། སྨན་རྫས་བདེ་འཇགས་ཀྱི་རྒྱུན་ཤེས། 《སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བཅས་ཤང་གི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག འབྲོག་པའི་འཐུས་མི་བཅས་ལ་གསལ་འགྲེལ་བྱས་པ་རེད།

ཏང་ཡོན་ལས་བྱེད་པས་ས་གནས་དེ་གའི“ཁ་དན་ཚིག་གནས་ཀྱི་གསེར་རྙེད་ཤེས་དཔལ་སྐར་གསོག་སྒོ་རྩིས་ཚོང་ཁང”དུ་བསྐྱོད་དེ་སྐར་གསོག་རྩིས་ཐོ་ཞིབ་ཚགས་ལྟ་བ་དང་། ཚོང་ཟོག་གི་སྤུས་ཚད་འགན་ལེན་ཡུན་ཚད་ལ་ཞིབ་བཤེར། རིན་གོང་གི་ཤོག་བྱང་ཞིབ་བསྡུར་བཅས་བྱས་ཐོག ཉོ་སྒྲུབ་ལེགས་སུ་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་རྒྱུའི་ཐད་གཉེར་སྐྱོང་པ་དང་གྲོས་བསྡུར་གཏིང་ཟབ་བྱས་ཏེ། ཁྲོམ་ར་ལྟ་འདོམས་ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱས་ནས“ཞབས་ཞུ་གཤམ་སྤེལ”དེ“བཅོས་སྐྱོང་ཕན་འབྲས་ཆེར་གཏོང”ལ་འགྱུར་བར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ནི་ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་ཞིབ་ཚགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་དང་།“སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པ་དང་། བདེ་འཇགས་ཐུན་མོང་ཐོག་སྲུང་བ། ཁེ་དབང་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བ”བཅས་ལས་ཁུངས་ཀྱི་གཞི་རིམ་མཉམ་འགུལ་ཞབས་ཞུའི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

(ལྷག་ཚེས་བསྒྱུར། རིག་རྡོར་གྱིས་ཞུས)