《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ལྷ་སའི་སྒེར་གཉེར་བཟོ་ཚོང་དུད་ཚང་14ལ་རང་སྐྱོང་ལྗོངས་ཀྱི“གྲགས་ཁྱད་ལེགས་གསར”གྱི་ཁས་ལེན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འདེམས་སྒྲུག་འོས་སྦྱོར་བྱས་པ་བརྒྱུད། ལྷ་སའི་སྒེར་གཉེར་བཟོ་ཚོང་དུད་ཚང་14ལ་རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱི“གྲགས་ཅན་དང་། ཁྱད་ལྡན། སྤུས་ལེགས། གསར་དར”གྱི་ཁས་ལེན་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདེང་འཇོག་ཐོབ་པའི་ཚོང་དུད་ནང་བཟའ་བཏུང་ཞབས་ཞུ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཀྱི་ཁྱབ་ཁོངས་ཚུད་པ་དང་། དེའི་ནང“གྲགས་ཅན་རིགས”10དང་། “ཁྱད་ལྡན་རིགས”4ཡོད། ཚོང་དུད་དེ་དག་ལ་ལས་རིགས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ཡོད་ཅིང་། གཅིག་ནས་ལོ་བཅུ་གྲངས་རྩ་བ་བརྟན་པོ་ཚུགས་ཐུབ་པའི་བཟའ་བཏུང་ཚོང་དུད་ཀྱིས་སྤུས་ལེགས་ཀྱི་བཟའ་བཅའ་དང་ཞབས་ཞུའི་རྣམ་འགྱུར་ལེགས་པོར་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་དང་། གཉིས་ནས་མངོན་མིན་རིག་གནས་རྒྱུན་འཛིན་བྱེད་པའི་ལས་ཤེས་བཟོ་རྩལ་ཚོང་དུད་ཀྱིས་རྩལ་ནུས་རྒྱུན་འཛིན་བྱེད་རིང་རིག་གནས་ཡུལ་སྐོར་གྱི་ནང་དོན་མཉམ་འདྲེས་བྱས་ནས་རྩལ་ནུས་རྙིང་པ་དག་ལས་གསོན་ཤུགས་གསར་པ་འཕེལ་བར་བྱས་པ་དང་ཆབས་ཅིག གྲོང་གསེབ་ཏུ་ལས་ཞུགས་འབར་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད། ད་དུང་དམངས་འཚོ་དང་ཉེ་བཅར་གྱི་སྤུས་ལེགས་ཚོང་དུད་ཁག་གཅིག་གིས་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་ཡག་པོ་བྱས་ནས། སྒེར་གཉེར་ཚོང་དུད་ཀྱི“ཆུང་ལ་མཛེས་པ”དང“ལེགས་ལ་སྟོབས་ཆེའི”ཁྱད་ཆོས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། (བསོད་ནམས་དཔའ་མོས་བསྒྱུར། རིག་རྡོར་གྱིས་ཞུས)