《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་བ།

ཟླ་12ཚེས་2ཉིན་གྱི་སྔ་དྲོར། “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2025ལོའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་དང“སྐལ་བཟང་མེ་ཏོག”ཞེས་པའི་གཞི་རིམ་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་རིང་། ལྷ་ས་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་སྒྲུབ་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་གྲོང་མི་མང་ཚོགས་ཚོར་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་བྱས་ནས་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་སྟེ་མི་ཚང་མས་རྩ་ཁྲིམས་བཀུར་མཁན་དང་། སྲུང་མཁན། སྐྱོང་མཁན་བཅས་བྱ་རྒྱུར་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།

↑ འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་པས་བློ་འདྲི་མཁན་གྱི་དྲི་བར་ལན་འདེབས་བཞིན་པ།

← འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རིང་། 《རླངས་འཁོར་གཏོང་སྐབས་ཆང་རག་མི་འཐུང་བ་དང་། ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ》ཞེས་པའི་འཁྲབ་ཚན་ཐུང་ངུ་འཁྲབ་བཞིན་པ།