《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཚེས་3ཉིན་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ད་ལོ་ཚུན་གྱི་ལྗོངས་ཡོངས་ཀྱི་དུག་འགོག་ལས་དོན་གྱི་ཕན་འབྲས་བརྡ་ཁྱབ་བཏང་བ་དང་། རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཀྲུའུ་ཧྲོའུ་ཁོའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་དུག་རྫས་ཀྱི་གནད་དོན་ལ་ཐོག་མཐའ་བར་གསུམ་དུ“ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ་བྱེད་ཐབས་དེ་བས་ནུས་ལྡན་སྤྱད་ནས་དུག་འགོག་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞིབ་བཤེར་འཛིན་བཟུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐའ་མཚམས་འགག་སྒོ་སོགས་གཙོ་གནད་ཁུལ་ལ་ཞིབ་བཤེར་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་བཤེར་འཛིན་བཟུང་གནད་དུ་འཁེལ་ཤུགས་ཆེ་རུ་གཏོང་དགོས། དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་དང་ཆེད་དོན་གྱོད་གཞིའི་འགག་སྒྲོལ་བྱས་ཏེ། དུག་རྫས་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས། དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུག་རྫས་བཟོ་བདེ་བའི་རྫས་འགྱུར་དངོས་རྫས་ལ་དོ་དམ་ནན་པོ་བྱས་ཏེ། གཙོ་གནད་མི་སྣར་འགུལ་རྣམ་དོ་དམ་ཚོད་འཛིན་བྱེད་དགོས། སྔོན་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་དང་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་ཏེ། དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་གཏོང་དགོས། སྤྱི་འདོམས་འཆར་འགོད་ལ་མཐོང་ཆེན་བྱེད་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་མཐའ་འཁྱོངས་བྱེད་པ། དུག་འགོག་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དུག་འགོག་ལས་དོན་གྱི་ལས་འགན་ཁག་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)