ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད་རེད། ལྗོངས་ཡོངས་ཀྱིས་འབོར་འཕྲི་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་རྩ་དོན་གཞིར་བཟུང་ས་མཐོའི་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རིགས་དབྱེའི་ཚད་གཞི་བཟོས་ཏེ་ཚུར་བསྡུ་བྱེད་ཆོག་པ་དང་། ཐབ་ཚང་གི་གད་སྙིགས། གནོད་ལྡན་གད་སྙིགས། དེ་བཞིན་གད་སྙིགས་གཞན་དག་བཅས་རིགས་བཞི་ཁ་གསལ་བཟོས་ཡོད།
འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་བས་གད་སྙིགས་རིགས་དབྱེ་བྱེད་བཞིན་པ།