ཉེ་ཆར། ལས་དོན་པས་གྲངས་ཀ་བརྒྱབ་པ་བརྒྱུད། རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་གལ་ཆེན་གྱི་སོན་རྒྱུའི་ཐོན་ཁུངས་མཛོད་ཁྲེན་ཧྲན་ལྟེ་གནས་སུ་ཉར་ཚགས་བྱས་པའི་སོན་འབྲུའི་འབྲུ་རྡོག་བསྡོམས་འབོར་དུང་ཕྱུར་གཅིག་ལྷག་ཙམ་ཟིན་ཞིང་། དེ་ཐོག་ནས་ཀྲུང་ཧྭ་ཤར་རྒྱུད་ས་ཁུལ་གྱི་རི་སྐྱེས་རྩི་ཤིང་གི་སོན་རྒྱུའི་ཐོན་ཁུངས་གནས་སྤོ་བདག་སྐྱོང་ལས་དོན་ཁྲོད་ཁྲེན་ཧྲན་ལྟེ་གནས་ལ་འཕེལ་རིམ་གལ་ཆེན་བྱུང་བ་མཚོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཁྲེན་ཧྲན་ལྟེ་གནས་ཀྱིས་2017ལོའི་ཟླ་9པ་ཚུན་དུ་ཀྲུང་ཧྭ་ཤར་རྒྱུད་ས་ཁུལ་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ས་བོན་བསྡུ་རུབ་དང་ཉར་ཚགས་ལས་དོན་དངོས་སུ་སྤེལ་བ་རེད། སོན་འབྲུའི་འབྲུ་རྡོག་དུང་ཕྱུར་གཅིག་ལྷག་ཙམ་དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་17དང་གྲོང་ཁྱེར་45ཡི་རྫོང་100ནས་བཏུས་པ་དང་། དེ་དག་ཚང་མ་རི་སྐྱེས་རྩི་ཤིང་ལས་བྱུང་བ་ཤ་སྟག་རེད།
འདི་ནི་ཟླ་11ཚེས་19ཉིན། ཧྲང་ཧའེ་ཁྲེན་ཧྲན་རྩི་ཤིང་དངོས་དཔེ་ཁང་གི་ཀོན་ཀྲང་ཀེ་པིན་ཅེ་ཁྲེན་ཧྲན་ལྟེ་བའི་དངོས་དཔེ་ཁང་དུ་ལས་ཀ་བྱེད་བཞིན་པ།