《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月20日

དྲོད་འདོན་འགན་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་བྱས་པ།

ཉེ་ཆར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་གྱིས་ཉིང་ཞ་དབྱིན་ཁྲོན་དུ་ལྷགས་པ་ཆེན་པོ་ལྡང་བ་དང་དྲོད་ཚད་ཆག་པའི་གནམ་གཤིས་བསྟན་པས། ས་གནས་དེ་གའི་དྲོད་འདོན་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་རེད།འདི་ནི་ཟླ་11ཚེས་18ཉིན། རྒྱལ་ཁབ་ནུས་རྒྱུ་ཉིང་ཞ་དྲོད་འདོན་ཚད་ཡོད་ཀུང་སིའི་ལས་དོན་པས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཀྱི་དུད་ཚང་ཞིག་ཏུ་དྲོད་ཚད་འཇལ་བཞིན་པ། དུད་ཚང་དེ་ཉིད་གནས་སའི་ཁུལ་ཆུང་ལ་འདི་ལོ་ཐེམ་བགོས་དྲོད་འདོན་སྒྱུར་བཀོད་བྱས་པ་རེད།