《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月19日

ཏང་འཛུགས་སྐྱོང་གིས་དྲ་མིག་ལ་མཐུན་རྐྱེན་སྦྱར། རིག་ལྡན་ སྤུས་འཕར་ལས་དམངས་འཚོར་ཕན་པ་ཐོབ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཏང་འཛུགས་སྐྱོང་གིས་རིག་ལྡན་སྡེ་ཁུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་དྲ་མིག་ཏང་ཀྲི་པུའུ་དང་དྲ་མིག་ཆུང་ངུའི་ཏང་ཚོགས་ཆུང་སོགས་རིམ་བཞིའི་མཉམ་འགུལ་མ་ལག་བཟོས་ཏེ། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་ཡོད། དྲ་མིག་ཅན་དོ་དམ་དང་ཚན་རྩལ་གྱི་བྱ་ཐབས་བརྒྱུད་སྡེ་ཁུལ་བཅོས་སྐྱོང་ཉིད“གཞན་འགུལ་དང་ལེན”ནས“རང་འགུལ་སྔོན་ཟོན”དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་གྲུབ་ནས་སྡེ་ཁུལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།

↑འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།

→ འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་ཞབས་ཞུ་ཚོམས་ཆེན་གྱི་ལས་དོན་པས་སྡེ་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་པ།