《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月19日

ཆུ་བོ་དང་རྒྱ་མཚོ་འདྲེས་པའི་འདམ་རའི་གྲོང་ཁྱེར།

↑ རྨ་ཆུ་དང་པོ་ཧའེ་རྒྱ་མཚོ་འདྲེས་མདོར་ཆགས་པའི“སྐྱེ་ཁམས་ཀྱི་མུ་ཏིག”ཅེས་འབོད་པའི་ཧྲན་ཏུང་ཏུང་དབྱིང་གྲོང་ཁྱེར་ལ་འདམ་ར་སྤྱི་ལེ་ངོས་གྲུ་4567ཡོད་པས་འདམ་རའི་བསྡུར་ཚད་41.6%ཟིན་ནས། གོ་ལ་ཧྲིལ་པོའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”ཁག་དང་པོའི་གྲས་སུ་ཚུད་ཡོད། 2024ལོར། རྨ་ཆུ་རྒྱ་མཚོར་བབས་པའི་དུས་བྱ་འཚོ་སྡོད་ཁུལ《འཛམ་གླིང་ཤུལ་བཞག་མིང་ཐོའི》ནང་ཚུད་དེ་ཆུ་བོ་དང་རྒྱ་མཚོའི་གྲོང་ཁྱེར་དེའི་སྐྱེ་ཁམས་རིན་ཐང་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པ་རེད། འདི་ནི་ཧྲན་ཏུང་རྨ་ཆུའི་ཟུར་གསུམ་ཁུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་དུ་ཡོང་བའི་དུས་བྱ་འཕུར་ལྡིང་བྱེད་བཞིན་པ།