《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月15日

འཛད་རྫས་འགྲེམས་ཁུལ་དུ་མཛེས་སྡུག་ལྡན་པའི་འཚོ་བ་ཉམས་སུ་མྱོང་བ།

ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འཛད་རྫས་འགྲེམས་ཁུལ་གྱིས“སྤུས་ཀ་དེ་བས་མཐོ་བ་དང་འཚོ་བ་དེ་བས་མཛེས་སྡུག་ལྡན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། འགྲེམས་ཁུལ་དུ་རྒྱན་གོས་དང་། བྱུག་རྫས། ཁྱིམ་སྡོད། རིག་གནས་ལུས་རྩལ་སོགས་འཛད་རྫས་གཅིག་སྡུད་ཐོག་བཤམས་སྟོན་བྱས་ཤིང་། དཔེ་གསར་དང་སྤུས་ལེགས་ཀྱི་འཛད་རྫས་དེ་དག་གིས“དེ་བས་མཛེས་སྡུག་ལྡན་པའི་འཚོ་བར”གསོན་ཉམས་དོད་པའི་ནང་དོན་བསྣན་ལ། གོ་ལ་ཧྲིལ་པོའི་འཛད་སྤྱོད་དུས་བབ་དང་འཚོ་བའི་སྤུས་ཀ་རིམ་སྤོར་ལ་ལྟ་ཞིབ་བྱེད་པའི་ཐད་མཐོང་གི་སྐར་ཁུང་ཞིག་ཀྱང་བཏོད་ཡོད།

འདི་ནི་ཉེ་ཆར་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འཛད་རྫས་འགྲེམས་ཁུལ་དུ་བྱིས་པ་ཚོས་ལེ་ཀའོ་འགྲེམས་སྟེགས་སུ་རྩེད་ཆས་ཉམས་ལེན་བྱེད་བཞིན་པ།