《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月15日

2026ལོའི་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གཅིག་སྡུད་འཇལ་སྤྲོད་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན། གསར་འགོད་པར《གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་འགན་བཅོལ་ནང་ཞུགས་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》གྱི་སྲིད་ཇུས་གསལ་འགྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2026ལོ་འཁོར་གྱི་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གཅིག་སྡུད་འཇལ་སྤྲོད་བྱེད་འགོ་ཚུགས་ཤིང་། 2025ལོའི་ཟླ་11ཚེས་1ཉིན་ནས་འགོ་ཚུགས་ཏེ་2026ལོའི་ཟླ་1ཚེས་31ཉིན་མཇུག་འགྲིལ་རྒྱུ་དང་། ཐོབ་ཐང་ལོངས་སྤྱོད་དུས་ཡུན་ནི་2026ལོའི་ཟླ་1ཚེས་1ནས་2026ལོའི་ཟླ་12ཚེས་31ཉིན་བར་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་སྤྲོད་ཚད་གཞི་ནི་སྒོར་240དང་སྒོར་400ཡི་རིམ་པ་གཉིས་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་10པའི་བར། བོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་354.35ཟིན་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། འགན་བཅོལ་ནང་ཞུགས་ཚད་95%ཡན་བརྟན་པོ་བྱུང་ཡོད།