《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月10日

ཤན་རྩའི་སྐྱེ་ཁམས་པར་ལེན་འགྲེམས་སྟོན་སྐབས་དང་པོ་པེ་ཅིང་དུ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “གླིང་སྣེའི་ནག་ཆུ་·ནག་ཚང་ཤན་རྩ། ས་བབ་སྨི་4700ཡི་སར་ཡོད་པའི་ཁྱད་འཕགས་མཛེས་ལྗོངས”ཞེས་པའི་ཤན་རྩའི་སྐྱེ་ཁམས་པར་ལེན་འགྲེམས་སྟོན་སྐབས་དང་པོ་པེ་ཅིང་མེ་ཧོའུ་སི་ཧྲི་ཅིན་ཧྲན་གྲོང་མིའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་འགྲེམས་སྟོན་འདིས། “ཤན་རྩའི་ལོ་60ཡི་མཆོང་སྐྱོད་དང་འཕོ་འགྱུར”དང་།“འཇའ་གྲིབ་བརྙན་ཤེལ་ནང་གི་མཛེས་སྡུག་ལྡན་པའི་ཤན་རྩ”“པར་ལེན་འགྲན་བསྡུར་ཆེན་པོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན”བཅས་ཁག་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། སྤེན་ཚེས་ཞུས)