“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྤུས་ཚད་མཐོ་པོས་མཇུག་བསྡུས་ཤིང་། དེར་གྲུབ་འབྲས་གང་དག་ཐོབ་ཡོད་དམ། ལེ་ཚན་འདིས་དབང་གྲགས་ཅན་གྱི་ཆ་འཕྲིན་དང་གྲངས་གཞི་གསེད་བཀྲོལ་བྱས་ཏེ་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་མངོན་པར་བྱས་ཡོད།
དཔལ་འབྱོར་གཞི་རྒྱ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)(སྒོར་དུང་ཕྱུར་ཁྲི)
● GDPསྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་ལས་བསྟུད་མར་འཕར་ནས། ད་ལོ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་140ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།
● ལོ་ལྔའི་རིང་གི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་35ལྷག་ཙམ་ཟིན་རྒྱུ་ཡིན་ཡང་འཛམ་གླིང་གི་ཨང་རིམ་གསུམ་པའི་རྒྱལ་ཁབ་དཔལ་འབྱོར་གྱི་སྤྱི་འབོར་ལས་བརྒལ་ཡོད།
ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས།
● 2024ལོར་སྤྱི་ཚོགས་ཧྲིལ་པོའི་ཞིབ་འཇུག་གསར་སྤེལ་ཐད་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་3.6ལྷག་བཏང་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།
● 2025ལོར་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ་10པར་ཐོག་མར་མཆོང་འཕར་བྱུང་བ།
● ཞིབ་འཇུག་གསར་སྤེལ་བྱེད་ཚད་2.68%ཟིན་ཏེ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་ཞིབ་འཇུག་གསར་སྤེལ་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོ་ཡིན་པ།
རྨང་གཞིའི་འཛུགས་སྐྲུན།
● 5Gསྦྲེལ་ཚུགས་ཁྲི་460བསྐྲུན་པ་དང་ལག་རྩལ་དང་སྤྱོད་མཁན་གྱི་གྲངས་འབོར་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པ་དང་། རྩིས་ནུས་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པ་ཡིན་པ།
རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཚད།
● 2024ལོར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་གི་17%ཙམ་བཟུང་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ།
● འཛམ་གླིང་གི་དཔལ་འབྱོར་འཕར་བར་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ཡས་མས་རྒྱུན་འཁྱོངས་ཐུབ་ནས་བརྟན་ཤོས་དང་བློས་འགེལ་ཤོས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།
རྒྱལ་ཁབ་ཆེན་པོའི་མཆོག་ནོར།
གྲུ་གཟིངས་བཟོ་ལས་ཐད“མུ་ཏིག་གསུམ”ཚང་བ།
གནམ་ཐང་གྲུ་གཟིངས།
རྒྱལ་ཐོན་གློག་ཁབ་ལེན་གྱི་འཕེན་གཏོང་གནམ་ཐང་གྲུ་གཟིངས་ཐོག་མ་ཧྥུའུ་ཅན་དམག་གྲུ་སྤྱོད་འགོ་ཚུགས་པ།
ཡུལ་སྐོར་མཚོ་གྲུ་ཆེ་གྲས།
རྒྱལ་ཐོན་ཡུལ་སྐོར་མཚོ་གྲུ་ཆེ་གྲས་ཐོག་མ“ཨའེ་ཏ·མོ་ཏུའུ་རྟགས་ཅན”བསྐྲུན་ནས་སྐྱེལ་འདྲེན་ལས་གཉེར་བྱས་པ།
LNGསྐྱེལ་འདྲེན་གྲུ་གཟིངས།
གཤེར་འགྱུར་རང་བྱུང་སོལ་རླངས(LNG)སྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་གོ་ལ་ཧྲིལ་པོའི་སྔོན་ལ་བཟོས་པ།
གཞན་ཡང་ད་དུང“སུམ་རྩེན”བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་སྐྱེལ་འདྲེན་ལས་གཉེར་བྱས་པ་དང་། C919རྒྱལ་ཐོན་གནམ་གྲུ་ཆེ་གྲས་ཚོང་ལས་སྐྱེལ་འདྲེན་ལས་གཉེར་ཁྲོད་སྤྱོད་པ་ལ་སོགས་རེད།
གོ་ལ་ཧྲིལ་པོའི་ཨང་དང་པོ།
ཕྱི་དངུལ་གསོག་འཇོག
ཚོང་ཟོག་ཚོང་དོན།
བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན།
ནུས་རྒྱུ་ཐོན་སྐྱེད།
མི་ཤུགས་ཐོན་ཁུངས།
5Gསྦྲེལ་ཚུགས་ཀྱི་གྲངས་འབོར།
གཞི་ཁྱོན་ཆེ་ཤོས་ཀྱི་འབབ་འབྲིང་ཚོགས་སྤྱི་དང་སྤྱི་ཚོགས་འགན་སྲུང་མ་ལག
འགན་ལེན་དྲ་རྒྱ།
གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས་མ་ལག་བསྐྲུན་པ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་གཞི་རྩའི་རྒན་གསོ་བཅས་ཀྱི་འགན་བཅོལ་
དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་95%ཡན་ཟིན་པ།
ལྗང་གློག
ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སོལ་
གློག་ལས་བརྒལ་བ་དང་གློག་ཏུའུ་3རེའི་ཁྲོད་ལྗང་གློག་ཏུའུ་1ཡོད་པ།
སྨན་བཅོས།
སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁྲི་109ཉེ་འགྲམ་དུ་ཡོད་པས་གྲོང་མི་90%ཡིས་སྐར་མ་15ཡི་ནང་ཐག་
ཉེ་སར་ནད་ལྟ་ཐུབ་པ་དང་། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ནས་ཐད་ཀར་
རྩིས་ཞུ་ཐུབ་པ་དེས་མི་ཐེངས་དུང་ཕྱུར་5.6ལ་ཕན་པ་ཐོབ་པ།
སྔོ་ལྗང་ནུས་སྐྱེད།
གོ་ལ་ཧྲིལ་པོར་སྔོ་ལྗང་ཁྱབ་ཁྱོན་ཆེ་ཤོས་ཡིན་པ། ལོ་5ཡི་ནང་ནགས་ཚལ་ཁེབས་ཚད་25%
ལྷག་ཙམ་ཟིན་ཏེ་གོ་ལ་ཧྲིལ་པོར་ལྗང་མདོག་རྒྱ་ཁྱོན་1/4གསར་དུ་བསྐྲུན་པ་དེ་
ཧྲའན་ཤིས་ཞིང་ཆེན་གྱི་རྒྱ་ཁྱོན་དང་མཚུངས་པ།
འགྲིམ་འགྲུལ།
མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་1གསར་དུ་བསྐྲུན་པ་དང་མིག་སྔར་སྐྱེལ་འདྲེན་ལས་གཉེར་
བྱེད་པའི་ལམ་ཚད་ནི་རྒྱལ་ཁབ་གཞན་དག་གི་བསྡོམས་འབོར་གྱི་ལྡབ་2ཡིན་པ།
ལྗང་མདོག་ཐོན་སྐྱེད་ནུས་ཤུགས།
ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཀྱི་བསྡུར་གྲངས་བཟུང་ཚད་40.9%བར་འཕར་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་10
བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ།
འབྲུ་རིགས་ཀྱི་ཐོན་འབབ།
འབྲུ་རིགས་ཀྱི་ལོའི་ཐོན་འབབ་ལོ་བཅུ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ལྷག་ཙམ་ཟིན་པ་དང་། 2024ལོར་རྒྱ་མ་དུང་ཕྱུར་ཁྲི་1.4ལས་བརྒལ་བ།
རྨོ་ཞིང་གི་རྒྱ་ཁྱོན།
རྒྱལ་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་19.4ཟིན་པ་དེ་2020ལོ་ལས་མུའུ་ཁྲི་2800འཕར་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་བསྲུངས་ཡོད།
ཚད་གཞི་མཐོ་བའི་ཞིང་ཁ།
རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་10བསྐྲུན་ནས་འབྲུ་རིགས་རྒྱ་མ་དུང་ཕྱུར་ཁྲི་1ཡན་གྱི་ཐོན་ནུས་བརྟན་པོའི་ངང་འགན་ལེན་བྱས་ཡོད།
ཚོང་དོན་རྒྱལ་ཁབ་ཆེན་པོའི་གནས་བབ་བརྟན་པ།
ཚོང་ཟོག་ཚོང་དོན་གྱི་གཞི་ཁྱོན་ལོ་རེར་ཆ་སྙོམས་8%འཕར་ནས་རྒྱལ་ཁབ་ཆེན་པོ་དང་པོའི་གནས་བབ་དེ་བས་བརྟན་དུ་ཕྱིན་པ། ཞབས་ཞུའི་ཚོང་དོན་འཛམ་གླིང་གི་ཨང་གཉིས་པར་སླེབས་ནས་ན་ནིང་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལས་ཐོག་མར་བརྒལ་བ། “ཀྲུང་གོར་ཡུལ་སྐོར་བྱེད་མཁན”དང“ཀྲུང་གོར་ཚོང་ཟོག་ཉོ་མཁན”མང་དུ་ཕྱིན་ཏེ་ཡུལ་སྐོར་ཞབས་ཞུ་དེ་འཕར་མགྱོགས་ཤོས་ཀྱི་ཁྱབ་ཁོངས་སུ་གྱུར་ཡོད།
“རྒྱུད་གཅིག་ལམ་གཅིག”
2024ལོར་མཉམ་སྐྲུན་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་གྲངས་བཟུང་ཚད་བཅུ་ཆ་ལྔ་ལས་ཐོག་མར་བརྒལ་བ།
ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར།
རིམ་རྩིས་བརྒྱབ་ན་མེ་འཁོར་ཁྲི་11ལྷག་ཙམ་བཏང་ནས་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་229རུ་ཤར་གཏོང་ཐུབ་པ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཕར་རྩ་ལྟ་བུར་གྱུར་ཡོད།