རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རི་མོའི་སློབ་ཚན་འཚོགས་ནས་དགེ་རྒན་གྱི་མཛུབ་ཁྲིད་འོག་རྒན་རྒོན་ཚོས་རི་མོ་འབྲི་སྟངས་སྦྱངས་ཏེ་སྤྲོ་སྣང་ཁྲོད་སྒྱུ་རྩལ་གྱི་ཉམས་འགྱུར་ཚོར་བར་བྱས་ཡོད།