ཟླ་10ཚེས་20ཉིན། མང་ཚོགས་ཁག་ཐེངས་མཇུག་ཤོས་སྡོད་ཁང་གསར་པར་སྤོས་པ་དང་ཆབས་ཅིག དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ནང་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲམ་མཚོ་དང་། མཚོ་སྒང་། ཆུ་ལྷོ་བཅས་ཤང་གསུམ་གྱི་སྲིད་འཛིན་གྲོང་ཚོ་27གྱི་དུད་ཚང་2177གྱི་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་ནས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་འགག་རྩའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
གྲོང་སྡེ་གསར་པར་སྐྱོད་སྐབས། དཀར་ཆ་དོད་ལ་རྒྱ་ཆེ་བའི་སྡོད་ཁང་ཡོངས་ལ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་བཅས་འཁྲིད་ཡོད་པ་མ་ཟད། རིག་གནས་བྱེད་སྒོའི་ལྟེ་གནས་དང་ལན་ཆིའུ་སྤོ་ལོའི་ཐང་སོགས་ལེ་ལག་སྒྲིག་བཀོད་ཀྱང་ཆ་ཚང་པོ་ཡོད་པས། མང་ཚོགས་ལ“སྡོད་སའི་ཁང་པ་ཡོད་པ”ནས“ཁང་པ་ཡག་པོ་ཡོད་པའི”བར་མངོན་འགྱུར་བྱུང་ཡོད།