ཉེ་ཆར། སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གདོང་དཀར་སྡེ་ཁུལ་དུ་གྲོང་སྡོད་རུ་ཁག་བཅུ་བཞི་པས“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ་བྱེད་པའི”བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། “དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། སྲིད་ཇུས་དྲིལ་བསྒྲགས་བྱེད་པ། སེམས་པ་གཅིག་མཐུན་ཡོང་བ”བཅས་ཀྱི་བླང་བྱ་ལག་ལེན་གཏིང་ཟབ་བསྟར་ནས་དངོས་སྒྲུབ་ལ་བརྟེན་ཏེ་གྲོང་སྡོད་ལས་དོན་ཧུར་ཐག་སྤེལ་ཡོད། ལས་དོན་རུ་ཁག་གིས“གསུམ་འཁྱེར་གསུམ་འདྲིའི”ཐོག་ནས་དམངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ཤིང་། སྲིད་ཇུས་ལག་དེབ་ཁྱེར་ནས“དགོས་མཁོ”འདྲི་བ་དང་། དམངས་ཀྱི་གནས་ཚུལ་གྱི་རྩིས་ཁྲ་ཁྱེར་ནས“སེམས་ཁྲལ”འདྲི་བ། ངང་རྒྱུད་རིང་པོས་སྐད་ཆ་འདྲི་བའི་བསམ་བློ་ཁྱེར་ནས“འཚོ་ཐབས”འདྲི་བ་བཅས་བྱས་ཏེ། མང་ཚོགས་ཀྱི“ལས་དོན་སྒྲུབ་དཀའ་བའི”དགོས་མཁོ་དང་འཕེལ་རྒྱས་ཀྱི་གྲོས་འགོ་གནད་སྨིན་བསྡུ་རུབ་བྱས་ཡོད།
འདི་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་བྱེད་བཞིན་པ།