《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月15日

མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཁང་ནས་རིག་གནས་ཀྱི་ངོ་མཚར་མྱོང་རོལ་བྱས།

ཉེ་ཆར། ཁྱིམ་ཚང་མི་ཉུང་བ་ཞིག་ཧའེ་ཁོའུ་རུ་ཡོད་པའི་ཧའེ་ནན་ཞིང་ཆེན་རིག་གནས་ཁང་གི“ཧའེ་ཝུན་སློབ་ཁང”དུ་བསྐྱོད་དེ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མཛུབ་ཁྲིད་འོག ཏུང་ཧྲན་གྱི་བསླས་འཐག་ལག་རྩལ་མྱོང་རོལ་བྱས་པ་མ་ཟད། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བརྩམས་ཆོས་བཟོས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་བྱ་སྦྱོང་བ་དང་རིག་གནས་ཀྱི་ནང་དོན་ཤེས་རྟོགས་བྱས་ཏེ་མཉམ་འགུལ་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་མྱོང་རོལ་བྱས་པ་རེད། འདི་ནི་ཧའེ་ནན་ཞིང་ཆེན་རིག་གནས་ཁང་དུ་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོས་ཏུང་ཧྲན་གྱི་བསླས་འཐག་ལག་རྩལ་སྦྱོང་བཞིན་པ།