《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月15日

ཟངས་རི་རྫོང་གིས་གཟི་བྱིན་བླ་མཚོ་སྐོར་བའི་རྐང་ཐང་ཡུལ་སྐོར་བྱེད་སྒོ་སྐབས་དང་པོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་གཟི་བྱིན་བླ་མཚོ་སྐོར་བའི་རྐང་ཐང་ཡུལ་སྐོར་བྱེད་སྒོ་སྐབས་དང་པོ་སྤེལ་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྐང་ཐང་ལ་དགའ་པོ་ཡོད་མཁན་500ལྷག་ཙམ་གཟི་བྱིན་བླ་མཚོའི་མཛེས་ལྗོངས་ཁུལ་དུ་འཛོམས་ནས་སྤྱི་ལེ་5.6ཡོད་པའི་མཚོ་སྐོར་ལམ་དུ་རྐང་ཐང་མར་བསྐྱོད་དེ་ས་མཐོའི་དྭངས་ཤིང་གཙང་བའི་སྐྱེ་ཁམས་ཀྱི་མཛེས་པ་མྱོང་རོལ་བྱས་པ་རེད།