འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། འབྲས་ལྡན་སྟོན་གྱི་དུས་སུ། ནག་ཆུའི་ས་ཁོངས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་དུས་བཀག་ལྟར་གཏོང་འགོ་ཚུགས་པ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གོ་སྐབས་དེ་དང་བསྟུན་ཏེ། ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དང་དེ་བཞིན་མཐའ་འཁོར་གྱི་ཁུལ་ཁོངས་སུ་ཁྱད་ལྡན་ཁྲལ་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་རྟ་རྒྱུག་དུས་ཆེན་ལ་ཞིང་འབྲོག་པ་དང་། གྲོང་མི། ཡུལ་སྐོར་བ། འགྲེམས་ཞུགས་ཚོང་འདུས་བཅས་མང་པོ་འཛོམས་ཡོད། གནས་ཚུལ་དངོས་ལ་གཞི་ཚུགས་ནས་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་དོན་དྲིལ་བསྒྲགས་ཡན་ལག་རུ་ཆུང་མང་པོ་བཙུགས་ཤིང་། གནས་གཏན་འཁེལ་དང་སྐོར་སྐྱོད་དྲིལ་བསྒྲགས་ཟུང་དུ་འབྲེལ་ནས་དྲིལ་བསྒྲགས་བྱས་པ་དང་། སྲིད་ཇུས་འགྲེམས་པང་བཙུགས་ནས་གསལ་འགྲེལ་དང་བོད་རྒྱ་ཤན་སྦྱར་གྱི་དྲིལ་བསྒྲགས་དཔྱད་གཞི་འགྲེམས་སྤེལ་སོགས་ཀྱི་རྣམ་པ་བརྒྱུད། བྱེད་སྒོར་ཞུགས་པའི་ཞིང་འབྲོག་མང་ཚོགས་ལ་ཁྲལ་བསྡུའི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་འབྲེལ་ཁྱབ་གདལ་ཡང་བཏང་བ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལས་དོན་པས་དྲིལ་བསྒྲགས་དཔྱད་ཡིག་1600ལྷག་ཙམ་སྤྲད་པ་མ་ཟད། ཞིང་འབྲོག་པ་བྲིན་ཚོང་པས་ཁྲལ་འཇལ་ངལ་ལས་སམ་ཡང་ན་དངོས་ཟོག་གི་དཔྱ་ཁྲལ་གཟིགས་སྐྱོང་དང་ཆག་ཡང་རྩ་ཆག་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བས་འཇལ་དགོས་པའི་དཔྱ་ཁྲལ་རྩིས་ཚད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར“འགན་བཅོལ་གཉིས”ཀྱི་གྲོན་འཇལ་སོགས་སྐོར་གྱི་རིགས་ལྔ་ཡི་གནད་དོན་40ལྷག་ཙམ་ལ་ལན་བརྒྱབ་པ་རེད།
(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)