ཟླ་9ཚེས་13དང་14ཉིན། 2025ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉེར་གཉིས་པའི་ཡན་ལག་རྣམ་གྲངས་ཏེ། བོད་ལྗོངས་ཕྱི་རོལ(སྒར་འདེབས)རྐང་ཐང་ཚོགས་ཆེན་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཟས་ཕུ་དང་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུའི་ས་ཁོངས་སུ་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཉེར་འགན་ཁུར་ཞིང་། ཕྱི་རོལ་རྐང་ཐང་ལ་དགའ་པོ་བྱེད་མཁན་120ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།