《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月17日

ཀྲང་ཅིན་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་མཚོ་འགྲུལ་ཟམ་ཆེན་ལྷོ་མའི་ཀ་རྟེན་ལྷོ་མའི་མཐོ་ཚད་ལ་སྨི་300ལྷག་ཙམ་ཟིན་པ།

ཟླ་9ཚེས་14ཉིན། ཀྲང་ཅིན་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་མཚོ་འགྲུལ་ཟམ་ཆེན་ལྷོ་མའི་ཀ་རྟེན་ལྷོ་མར་ལྕགས་དུམ་26པ་དེ་བཏིང་བ་དང་བསྟུན་ནས་ཀ་རྟེན་ལ་སྨི་300ཟིན་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཀ་རྟེན་ལྷོ་མ་ནི་ཟམ་ཆེན་གྱི་གཙང་པོའི་སྟེང་གི་ཀ་རྟེན་གཙོ་བོ་འབའ་ཞིག་དེ་ཡིན་ཞིང་། དེའི་མཐོ་ཚད་ལ་སྨི་350ཡོད་པ་དེ་ཐོག་སོ་125དང་མཚུངས་ཀྱི་ཡོད་པས། འཛམ་གླིང་གི་དཔྱང་ཟམ་ཀ་རྟེན་དང་པོ་དེ་རེད། ཀྲང་ཅིན་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་མཚོ་འགྲུལ་ཟམ་ཆེན་ལྷོ་མ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་བསྐྲུན་པའི་གཙང་པོ་སྒྲོལ་བའི་རྣམ་གྲངས་ཤིག་ཡིན་པ་དང་། སྔོན་དཔག་བྱས་ན་2028ལོར་ལས་མཇུག་འགྲིལ་རྒྱུ་རེད། འདི་ནི་ཀྲུང་གོ་འགྲིམ་འགྲུལ་མཚོ་འགྲུལ་ཅུས་གཉིས་པས་སྐྲུན་པའི་འཛམ་གླིང་གི་སྒྲོལ་ཐག་རིང་ཤོས་ཀྱི་ཟམ་པ་ཀྲང་ཅིན་ཀའོ་འབྲི་ཆུའི་ཟམ་ཆེན་གྱི་མཚོ་འགྲུལ་ཟམ་ཆེན་ལྷོ་མའི་ཀ་རྟེན་ལྷོ་མ་སྐྲུན་ཡུལ་ཡིན་པ།