ཉེ་བའི་ལོ་ཤས་རིང་། ལན་ཡུན་ཀང་གྲུ་ཁས་མཚོ་ཐོག་དར་གོས་ལམ་བུའི་མཚོ་ཐོག་གྲུ་ཁ་ཧུར་ཐག་བསྐྲུན་ནས་རླུང་གློག་སྒྲིག་ཆས་ཕྱིར་གཏོང་གི་ཐོགས་མེད་བགྲོད་ལམ་བཏོད་དེ་ཀྲུང་གོས་བཟོས་པའི་རླུང་གློག་སྒྲིག་ཆས་འབོར་ཆེན་འཛམ་གླིང་དུ་འདྲེན་པར་རམ་འདེགས་བྱས་ཡོད། འདི་ནི་རླུང་གློག་སྒྲིག་ཆས་བྱུར་བུར་བླུགས་པའི“ཡུང་ཧྥུའུ”རྟགས་ཅན་གྱི་གྲུ་གཟིངས་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་ཁ་ལས་དོན་ཡན་ལག་ཀུང་སིའི་གྲུ་ཁ་ནས་སིང་ཀ་ཕོར་ལ་ཐོན་རྩིས་བྱེད་བཞིན་པ།